ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དངུལ་ཁང་གིས་ཤོག་སྒོར་མི་ལེན་པའི་ལས་ཁུངས16ལ་ཆད་གཅོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས21ཉིན་ཁྱབ་བསྒྲགས་བྱས་དོན། 2020ལོའི་དུས་ཚིགས་བཞི་བར། མི་དམངས་དངུལ་ཁང་གིས་ཁྲིམས་ལྟར་པེ་ཅིང་གྲོང་ཁྱེར་ཀྲུང་ཧྲན་སྤྱི་གླིང་དོ་དམ་ཁྲུའུ་སོགས་ལས་ཁུངས16གིས་ཤོག་སྒོར་མི་ལེན་པའི་ལས་ཁུངས་དང་འབྲེལ་ཡོད་འགན་ཁུར་བར་དཔལ་འབྱོར་ཐད་ཀྱི་ཆད་གཅོད་བྱས་པ་དང་།ཆད་གཅོད་མ་དངུལ་སྒོར500ནས་སྒོར་ཁྲི50སོགས་མི་འདྲ་བ་ཡོད། 

2020ལོའི་ཟླ10བའི་རིང་ལ། མི་དམངས་དངུལ་ཁང་གིས་ཚད་ལྡན་སྣེ་ཁྲིད་ལ་ཤུགས་བསྣོན་དང་། མི་དམངས་ཤོག་སྒོར་མི་ལེན་པའི་བྱ་སྤྱོད་ལ་དག་ཐེར་བྱ་བ་སྤེལ། འོན་ཀྱང་ལས་ཁུངས་ཁ་ཤས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་དང་། ཞབས་ཞུའི་འདུ་ཤེས་ཞན་པ། ཤོག་སྒོར་མི་ལེན་པའི་བྱ་སྤྱོད་སྔར་བཞིན་འདུག   དེ་བས། 2020ལོའི་དུས་ཚིགས་བཞི་བར། མི་དམངས་དངུལ་ཁང་གིས་ཁྲིམས་ལྟར་ཤོག་སྒོར་མི་ལེན་པའི་ལས་ཁུངས16གི་འབྲེལ་ཡོད་འགན་ཁུར་བར་དཔལ་འབྱོར་ཐད་ཀྱི་ཆད་གཅོད་བྱས་ཤིང་། ཆད་གཅོད་བྱས་པའི་ལས་ཁུངས་ལ་སྤྱི་གླིང་ལྗོངས་རྒྱུ་ཁུལ་དང་། སྤྱི་བའི་ཞབས་ཞུ་སྡེ་ཁག  རླངས་འཁོར་འཇོག་ས་དང་། འགན་བཅོལ་ཀུང་སི་སོགས་འདུས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།