《ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་རྒྱས་བཤད་ཕྱོགས་སྒྲིག》དཔེ་སྐྲུན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་རྒྱས་བཤད་ཕྱོགས་སྒྲིག》ཞེས་པ་ཉེ་ལམ་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ནས་འགོ་ཚུགས་ནས། འཕྲིན་སྦྲེལ་དྲ་བ་དང་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས། འཕྲིན་སྦྲེལ་དྲ་བའི་བཅོས་སྐྱོང་བཅས་ལ་མཐོང་ཆེན་གནང་སྟེ། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་སོགས་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་། ཆ་འཕྲིན་ཅན་གྱི་གནད་དོན་གལ་ཆེན་གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར་བྱས་ཏེ།   ཐབས་ཇུས་གལ་ཆེན་རབ་དང་རིམ་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཏེ། རང་རྒྱལ་གྱི་དྲ་འཕྲིན་བྱ་གཞག་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།  བློ་མཐུན་ཞི་ཅིན་ཕིང་གིས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བསམ་བློ་གསར་བ་དང་ལྟ་བ་གསར་བ། ཆོད་གཏམ་གསར་བ་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་བའི་དྲ་འཕྲིན་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས། ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། ང་ཚོས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སོ་སོ་ལེགས་པོ་སྒྲུབ་རྒྱུ་དང་། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་བསྐྱོད་ལམ་བུ་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་རྩོམ་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

《རྒྱས་བཤད་ཕྱོགས་བསྒྲིགས》ཞེས་པར་ཆེད་དོན9རུ་དབྱེ་ནས། ཁྱོན་བསྡོམས་རྒྱས་བཤད་ཚན་པ285ཡོད། 2013ལོའི་ཟླ3པའི་ཚེས4ཉིན་ནས2020ལོའི་ཟླ11པའི་ཚེས23ཉིན་བར་གྱི་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་དང་སྙན་ཞུ། གཏམ་བཤད། མཛུབ་སྟོན། མཆན་བཀོད། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སོགས་ཡིག་ཆ་གལ་ཆེན་བརྒྱ་ཐམ་པ་ལས་བཤུས། དེའི་ནང་གི་རྒྱས་བཤད་མང་པོ་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།