རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བ་པེ་ཅིང་དུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་ཚེས་ཉི་ཤུ་ཉིན་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།  ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་ཕུལ་བའི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་།  རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མིང་གིས་ཕུལ་བའི་སྲིད་འཛིན་ཁྲིམས་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་མཚོ་ཁོངས་ཉེན་རྟོག་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་སྟེང་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞིར་ གྲོས་ཞིབ་བྱས་པ་དང་།   ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲང་སུའུ་ཅུན་གྱིས་གསལ་བཤད་བྱས།    གྲོས་ཚོགས་སྟེང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་ལས་གཉེར་སྨན་པའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།    སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཆན་གྱིས་གསལ་བཤད་བྱས།   གྲོས་ཚོགས་སྟེང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་བརླན་སའི་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།   ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀའོ་ཧུའུ་ཁྲིན་གྱིས་གསལ་བཤད་བྱས།  གྲོས་ཚོགས་སྟེང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།   སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧི་དབྱི་ཐིན་གྱིས་གསལ་བཤད་བྱས།

གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་གསལ་བཤད་བྱས།    གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱིས་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཐེན་ཞེའོ་ཅུན་གྱིས་གསལ་བཤད་བྱས།

གྲོས་ཚོགས་སྟེང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་པའི་ཆོད་དོན་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་།    ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་གསལ་བཤད་བྱས།

གྲོས་ཚོགས་སྟེང་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲང་པེས་ཞིན་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝུའུ་ཧིན།   ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སུའེ་བཅས་ཀྱིས་སོ་སོར་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཨུ་ཡོན་ལྷན་ཁང་དེ་ལ་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།