ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཚན་ཆུང་བགར་ཏེ་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཚན་ཆུང་བགར་ཏེ་གྲོས་ཚོགས་བསྡུས་ནས་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་སྲིད་འཛིན་ཁྲིམས་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན།   པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་པའི་སྐོར་གྱི་ཐག་གཅོད་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས།   ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་གིས་བལྟས་ན།   སྲོག་ཆགས་ཀྱི་རིམས་འགོག་བྱ་བར་སྔར་ལས་ཤུགས་བསྣན་ནས་ནུས་ཡོད་སྒོས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་།   སྲོག་ཆགས་ཀྱི་བདེ་འཇགས་དང་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱེད་ཆེད།  སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་དགོས་གལ་ཆེ་བ་དང་གནད་འགག་ཡིན་པར་འདོད།   བཟོ་བཅོས་འཆར་ཟིན་གྱིས་རང་རྒྱལ་གྱི་སྲོག་ཆགས་རིམས་ནད་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ཡོད་པ་དང་བཀོལ་སྤྱོད་རང་བཞིན་ཅུང་དྲག་པོ་ལྡན་ལ།   དུས་སུ་བབ་ཡོད་པས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱེད་དགོས་པའི་གྲོས་གཞི་བཏོན།

སྲིད་འཛིན་ཁྲིམས་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཐད་ནས་ཚོགས་ཞུགས་མི་སྣས་གཅིག་གྱུར་སྒོས་བལྟས་ན།   སྲིད་འཛིན་ཁྲིམས་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་།    སྲིད་འཛིན་ཁྲིམས་གཅོད་བཅའ་ཁྲིམས་བཟོ་བཅོས་བྱེད་པ་ནི་དགོས་ངེས་དང་དུས་སུ་འཁེལ་ཡོད་པར་འདོད།   ཚོགས་ཞུགས་མི་སྣ་དག་གིས་འཆར་ཟིན་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པའི་བསམ་འཆར་དང་གྲོས་གཞི་བཏོན།

པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་པའི་སྐོར་གྱི་ཐག་གཅོད་འཆར་ཟིན་ཐད་ནས།  ཚོགས་ཞུགས་མི་སྣ་དག་གིས་གཅིག་གྱུར་སྒོས་བལྟས་ན།    རྒྱལ་ཁབ་དངུལ་རྩའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་།   དངུལ་རྩའི་འདྲི་གཅོད་མ་ལག་འཐུས་ཚང་དུ་གཏོང་བ།   དངུལ་རྩའི་ཁྲིམས་འཛིན་སྲུང་སྐྱོབ་ཤུགས་ཚད་ཆེ་རུ་གཏོང་བ།   རང་རྒྱལ་གྱི་དངུལ་རྩའི་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་རྒྱལ་སྤྱིའི་གཏམ་བརྗོད་དབང་ཆ་སྔར་ལས་མཐོར་འདེགས་གཏོང་ཆེད་པེ་ཅིང་དུ་ཆེད་དོན་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུ་ནི་དགོས་ངེས་ཤིག་ཡིན་པར་འདོད་པ་དང་།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་དང་མི་དམངས་ཁྲིམས་ཁང་གི་རྩ་ཁྲིམས་ལྟར་པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུ་ཐག་གཅོད་པར་མ་ཟད།    ཁྲིམས་དཔོན་གྱི་བསྐོ་འཐེན་དང་གྱོད་དོན་དོ་དམ་ཁྱབ་ཁོངས་དང་བཅའ་ཁྲིམས་ལྟ་སྐུལ་སོགས་ཀྱི་ཐད་གཏན་འབེབས་བྱེད་པ་ནི་དགོས་ངེས་ཡིན་པར་འདོད།  ཚོགས་ཞུགས་མི་སྣ་དག་གིས་འཆར་ཟིན་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པའི་བསམ་འཆར་དང་གྲོས་གཞི་བཏོན།

ཚོགས་ཞུགས་མི་སྣས་ད་རུང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་།   ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།