ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་དོ་དམ་གཏན་འཁེལ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་དོ་དམ་གཏན་འཁེལ་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

གཏན་འཁེལ་ནང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བཀོད་སྒྲིག་དང་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཁེ་ལས་ལ་ཁེ་ལས་ཀྱི་མིང་རང་བདག་གདམ་གསེས་བྱེད་པའི་དབང་ཆ་ཡོད་པར་བརྩི་འཇོག་བྱེད་པ་དང་། ཁེ་ལས་ཀྱི་མིང་གི་ཐོན་ཁུངས་རྒྱ་ཆེར་གཏོང་བ། ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་གོ་རིམ་སྟབས་བདེ་རུ་བཟོ་བ། ཁེ་ལས་བསྒྲུབ་པའི་མ་རྩ་ཇེ་དམའ་རུ་གཏོང་བ། དོན་དག་སྔ་གཞུག་གི་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བྱས་ནས། ཁེ་ལས་ཀྱི་མིང་ཐོ་འགོད་བྱེད་པའི་དོ་དམ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།