རང་རྒྱལ་གྱི་ཐན་ཐུང་ཨང་དང་པོའི་སྲུང་སྐར03འཕེན་གཏོང་ལེགས་འགྲུབ་བྱུང་བ།

ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད0དང་སྐར་མ25ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐན་ཐུང་ཨང་དང་པོའི་སྲུང་སྐར03འཕེན་གཏོང་ལེགས་འགྲུབ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད0དང་སྐར་མ25ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐན་ཐུང་ཨང་དང་པོའི་སྲུང་སྐར03འཕེན་གཏོང་ལེགས་འགྲུབ་བྱུང་། སྲུང་སྐར་སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་སྟེང་བདེ་བླག་ངང་བསྐྱལ་བས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་ཞིང2021ལོའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལ་བཀྲ་ཤིས་པའི་སྒོ་མོ་ཕྱེས།

ཐན་ཐུང་ཨང་དང་པོའི་སྤོ་འགུལ་འཕྲིན་གཏོང་མ་ལག་སྲུང་སྐར་ནི་རང་རྒྱལ་གྱིས་ཚན་རིག་ཞིབ་འཇུག་དང་འཛུགས་སྐྲུན་བྱས་པའི་སྤོ་འགུལ་སྲུང་སྐར་འཕྲིན་གཏོང་མ་ལག་ཞིག་ཡིན་ལ། བར་སྟོང་རིམ་པ་དང་ས་ངོས་རིམ་པ། སྤྱོད་མིའི་སྤྱོད་སྣེ་བཅས་གསུམ་གྱིས་གྲུབ། ཐན་ཐུང་ཨང་དང་པོའི་སྲུང་སྐར03འདི་ནི་ཀྲུང་གོ་བར་སྟོང་ལག་རྩལ་ཞིབ་འཇུག་གླིང་གིས་ཞིབ་འཇུག་བཟོ་སྐྲུན་བྱས་ཤིང་། འཕེན་གཏོང་ལེགས་གྲུབ་བྱུང་སྟེ་འཁོར་ལམ་དུ་བསྐྱལ་རྗེས་ས་ངོས་སྤོ་འགུལ་འཕྲིན་གཏོང་མ་ལག་དང་མཉམ་དུ་གནམ་ས་གཞི་གཅིག་ཅན་གྱི་སྤོ་འགུལ་འཕྲིན་གཏོང་དྲ་རྒྱ་བཙུགས་ནས་ཀྲུང་གོའི་ཉེ་འཁོར་དང་ཨེ་ཤེ་ཡ་ཤར་མ། ཧྥེ་གླིང་བཅས་ཀྱི་འབྲེལ་ཡོད་ས་ཁུལ། དེ་མིན་ཞི་བདེ་རྒྱ་མཚོ་དང་ཧིན་རྡུལ་རྒྱ་མཚོ་ཆེན་མོའི་སྤྱོད་མཁན་སྐོར་ཞིག་ལ་ནམ་རྒྱུན་གྱི་འཕྲིན་ཐུང་དང་སྐད་འཕྲིན། གཞི་གྲངས་བཅས་སྤོ་འགུལ་འཕྲིན་གཏོང་གི་ཞབས་ཕྱི་འདོན་སྤྲོད་བྱ་རྒྱུ་རེད།

 ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐེངས358པ་རེད། །

ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད0དང་སྐར་མ25ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐན་ཐུང་ཨང་དང་པོའི་སྲུང་སྐར03འཕེན་གཏོང་ལེགས་འགྲུབ་བྱུང་།

ཟླ1པོའི་ཚེས20ཉིན་གྱི་ཆུ་ཚོད0དང་སྐར་མ25ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐན་ཐུང་ཨང་དང་པོའི་སྲུང་སྐར03འཕེན་གཏོང་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།