ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པར་རྒྱལ་ཁབ་ཐོན་ཁུངས་དང་རྒྱལ་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོ་རུ་ཕྱིན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། རང་རྒྱལ་གྱི་རྒྱལ་ཁབ་ཐོན་ཁུངས་དང་རྒྱལ་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཞིང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་མཇུག་བར་དུ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཐོན་ཁུངས་མ་ལག་གི་ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་སྤྱི་གྲངས་དང་ཁེ་དབང་སོ་སོར་སྒོར་དུང་ཕྱུར་ཁྲི218.3དང་། དུང་ཕྱུར་ཁྲི71.9ཡིན་ཞིང་། དེས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ལས་སོ་སོར82.1དང80.3འཕར།

འདི་ནི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ཐོན་ཁུངས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས18ཉིན་སྤེལ་བའི་ས་གནས་རྒྱལ་ཁབ་ཐོན་ཁུངས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བའི་ཚོགས་འདུ་དང་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་བརྡ་འཕྲིན་ཡིན། 

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རྒྱལ་ཁབ་ཐོན་ཁུངས་མ་ལག་ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་ཚོང་གཉེར་ཡོང་སྒོ་དང་། ཁེ་ཕོགས་ཀྱི་སྤྱི་གྲངས་འབོར་ལོ་རེར་ཆ་སྙོམས་ཀྱིས་འཕར་ཚད་སོ་སོར་བརྒྱ་ཆའི7.4%དང10.7%ཡིན་པ་དང་།2020ལོར། རྒྱལ་ཁབ་ཐོན་ཁུངས་མ་ལག་གི་ལྟ་སྐུལ་ཁེ་ལས80《འབྱོར་ཕྱུག》གི་འཛམ་གླིང་ཨང་རིམ500གྲས་སུ་ཚུད་ཅིང་། ས་གནས་སོ་སོར་འགྲན་རྩོད་རང་བཞིན་ཆེ་བའི་རྐང་འཛིན་ཁེ་ལས་མང་པོ་བྱུང་། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།