ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཆེས་ཐོག་མར་བྱང་སྐར་ལག་རྩལ་སྤྱད་དེ་གྲུ་ཁའི་དངོས་ཟོག་རང་འགུལ་ཅན་མངོན་འགྱུར་བྱུང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་གྱི་སྔ་དྲོ། ཐེན་ཅིན་གྲུ་ཁའི་དངོས་ཟོག་རང་འགུལ་ཅན་གྱི་ཁ་ལོ་སྒྱུར་བའི་དཔེ་སྟོན་ཁུལ་གྱི་ནང་དུ། མི་མེད་གློག་སྒུལ་དངོས་ཟོག་རླངས་འཁོར་གྱི་རང་འགུལ་ཟྭ་འབྱེད་ས་ཚིགས་སུ། རླངས་འཁོར་རྣམས་གཏན་འཁེལ་གྱི་ས་གནས་སུ་བསྡད་དེ། རང་འགུལ་ཅན་གྱི་ཟམ་པའི་སྟེང་ནས་དངོས་ཟོག་སྒམ་བླངས་ཏེ་གྲུ་གཟིངས་སྟེང་དུ་བཞག  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཆུ་བེད་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། འདིས་རང་རྒྱལ་གྱིས་ཆེས་ཐོག་མར་བྱང་སྐར་ལག་རྩལ་སྤྱད་དེ་དངོས་ཟོག་གྲུ་ཁའི་རང་འགུལ་ཅན་མངོན་འགྱུར་བྱུང་ཡོད་ཅེས་བསྟན། 

ཐེན་ཅིན་གྲུ་ཁའི་སྡེ་ཚོགས་ཀྱི་ཙུང་ཚའེ་ཅའོ་ཀོང་ཅོན་གྱིས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། ཐེན་ཅིན་གྲུ་ཁས་སྔོན་ལ་དངོས་ཟོག་གྲུ་ཁའི་འཁོར་ལམ་ཟམ་པའི་རང་འགུལ་ཅན་རིམ་འཕར་བཟོ་བཅོས་བྱས་རྗེས། བྱང་སྐར་སྲུང་སྐར་ལག་རྩལ་གྱིས། དུས་ཡུན་ལོ་གཅིག་གི་ནང་། སྲོལ་རྒྱུན་གྱི་དངོས་ཟོག་གྲུ་ཁའི་གོ་རིམ་ཧྲིལ་བོ་རང་འགུལ་ཅན་གྱི་བསྒྱུར་བཅོས་མངོན་འགྱུར་བྱུང་ཡོད། བསྒྱུར་བཅོས་བྱས་རྗེས་ཀྱི་དངོས་ཟོག་གྲུ་ཁའི་ལས་གཉེར་བྱེད་ཚད་བརྒྱ་ཆའི20ཉེ་བར་མཐོ་རུ་ཕྱིན་ཅིང་། ཕྱོགས་བསྡུས་འཁོར་རྒྱུག་གི་འགྲོ་གྲོན་བརྒྱ་ཆའི10མར་ཆགས།

ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེེན་ལས་རིགས་ལ་མུ་མཐུད་དུ་བྱང་སྐར་མ་ལག་བེད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་བཏང་ཞིང་། ད་ལྟའི་བར་དུ། རྒྱལ་ཡོངས་སུ་གཞུང་ལམ་སྐྱེལ་འདྲེན་འཁོར་རྒྱུག་རླངས་འཁོར་དུ་བྱང་སྐར་མ་ལག་ནང་འཇུག་བེད་སྤྱོད་བྱས་པའི་རླངས་འཁོར་ཁྲི698ལས་བརྒལ་ཞིང་། གཞུང་ཞབས་གྲུ་གཟིངས1300ལས་བརྒལ་བར་བྱང་སྐར་མ་ལག་ནང་འཇུག་བྱས་ཡོད་པ་མ་ཟད། མཁའ་འགྲུལ་ཐད་ཐོག་མར་བྱང་སྐར་མ་ལག་བེད་སྤྱོད་བྱས་ཏེ་ཐོལ་བརྒལ་ཆེན་པོ་བྱུང་ཡོད།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།