ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་དགུ་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་དགུ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།    དེའི་ནང་གི་བཅུ་གསུམ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།  ཀོང་ཏུང་དུ་ནད་པ་གཉིས་དང་ཧྲང་ཧེ་རུ་ནད་པ་བཞི།   ཧྥུའུ་ཅན་དུ་ནད་པ་གཉིས། སི་ཁྲོན་དུ་ནད་པ་གཉིས། ཐེན་ཅིན་དུ་ནད་པ་གཅིག ཧྲན་ཏུང་དུ་ནད་པ་གཅིག ཧུའུ་ནན་དུ་ནད་པ་གཅིག་བཅས་བྱུང་ཡོད། ས་གནས་རང་གི་ནད་པ་གོ་དྲུག་ཡོད་ལ། ཧི་པེ་ནས་ནད་པ་དོན་གཉིས་དང་ཧེ་ལུང་ཅང་ནས་ནད་པ་བཅུ་གཉིས། ཅི་ལིན་ནས་ནད་པ་བཅུ། པེ་ཅིན་ནས་ནད་པ་གཉིས་བཅས་བྱུང་བ་རེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བཅུ་བདུན་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་སྟོང་གཅིག་དང་ཉིས་བརྒྱ་གོ་ལྔ་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་སྡུར་ན་ནད་པ་བཞི་ཡི་ ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་དོན་བརྒྱད་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གཉིས་ཡོད་ལ།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་དང་གཉིས་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་བཞི་དང་ཉིས་བརྒྱ་ཉེར་བཞི་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་སུམ་བརྒྱ་དང་གོ་བརྒྱད་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་དགུ་དང་ལྔ་བརྒྱ་དང་གཉིས་ཡོད་པ་དང་། ནད་པ་སྟོང་བརྒྱད་དང་བདུན་བརྒྱ་ཉེར་བཞི་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་རེ་གཉིས་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་བརྒྱད་བརྒྱ་དང་ལྔ་བཅུ་ཡོད་པ་དང་ནད་པ་བདུན་བརྒྱ་དང་ང་གཅིག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་ཤོར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།