ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུས་དམག་ཡོངས་ཀྱི་སྒྲིག་ཆས་འགན་ལེན་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འགའི་སྔོན། ཀྲུང་དབྱང་དམག་ཨུ་ཡིས《དམག་ཡོངས་ཀྱི་སྒྲིག་ཆས་འགན་ལེན་སྔོན་ཐོན་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》པར་འགྲེམས་བྱས་ནས་སྔོན་ཐོན་སྡེ་ཁག10དང་སྔོན་ཐོན་མི་སྒེར20ལ་གཟེངས་བསྟོད་གནང་བ་རེད། 

བརྡ་ཁྱབ་ཀྱིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་གཏིང་ཟབ་བྱས་པ་ནས་བཟུང་། དམག་ཡོངས་ཀྱི་དམག་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་དམག་འཐབ་ནུས་པའི་ཚད་གཞི་བརྟན་པོ་བཙུགས་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལག་ལེན་ནང་ཧུར་ཐག་སྒོས་ཞུགས། དུས་རབས་གསར་པའི་དམག་དཔུང་གི་ལས་འགན་སྒྲུབ་རྒྱུར་དམིགས་ཏེ་སྒྲིག་ཆས་འགན་ལེན་ལས་དོན་ཁྲོད་འབད་འཐབ་ཧུར་ཐག་དང་ལེགས་སྐྱེས་འབུལ་ཕོད་པ་བྱས་ནས་དམག་སྦྱོང་དང་དམག་གྲབས་ལ་འདེགས་སྐྱོར་ནུས་ལྡན་བྱས་པས་སྔོན་ཐོན་དཔེ་བཟང་འབོར་ཆེན་ཐོན་ཡོད། 

བརྡ་ཁྱབ་ཀྱིས་ནན་གྱིས་བསྟན་དོན། གཟེངས་བསྟོད་ཐོབ་པའི་སྡེ་ཁག་དང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ནས་ཡང་འབད་བསྐྱར་འབད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བར་བསྙེགས་དགོས་ལ། དམག་ཡོངས་ཀྱི་དམག་དཔུང་དང་རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་ཁོང་ཚོ་མིག་དཔེར་བཟུང་ནས་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་དགོས། དམག་གྲབས་དམག་འཐབ་ཀྱི་གཙོ་འགན་ལ་དམིགས་ཏེ་བློ་བརྟན་འགྱུར་མེད་ངང་གསར་འབྱེད་ཡར་བརྩོན་དང་འགན་འཁྲི་ཏན་ཏིག་སྒོས་ཁུར་ནས་སྒྲིག་ཆས་འགན་ལེན་ལག་རྩལ་ལ་དཀའ་སྤྱད་བརྩོན་ཞིབ་བྱས་ཏེ་སྒྲིག་ཆས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་དང་། སྒྲིག་ཆས་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འཛམ་གླིང་གི་རྩེར་སོན་དམག་དཔུང་ཁྱོན་ཡོངས་ནས་བསྐྲུན་པར་སྒྲིག་ཆས་འགན་ལེན་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ལ། འགོ་འཛུགས་ས་གསར་པའི་ཐོག་སྒྲིག་ཆས་འགན་ལེན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།