ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་དཔོན་དང་མཚོ་དཔོན་བྱ་བ་ལེགས་པོར་སྒྲུབ་པའི་ས་གནས་ལ་བྱ་དགའ་སྟེར་རྒྱུ་ཡིན་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོས་པས་ཚེས13ཉིན་ཆུ་བེད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཤུགས་དྲག་ཏུ་གཏོང་ཆེད། ཆུ་བེད་པུའུ་ཡིས་ཉེ་ཆར་སྐུལ་ལྕག་གནང་བའི་བྱེད་ཐབས་སྙོམས་སྒྲིག་དང་། ལག་བསྟར་བྱེད་ཐབས་བཟོ་བཅོས་བྱས་ནས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བ་ལེགས་པོར་སྒྲུབ་པའི་ས་གནས་སུ་ལོ་རེའི་ཀྲུང་དབྱང་ནོར་སྲིད་ཆུ་བེད་འཕེལ་རྒྱས་ཐེབས་རྩ་སྡེབ་སྒྲིག་བྱེད་སྐབས་རྒྱབ་སྐྱོར་བྱེད་རྒྱུ་རེད།

གསར་དུ་ལག་བསྟར་བྱས་པའི་བྱེད་ཐབས་ལས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་སྐུལ་འདེད་བྱེད་ཤུགས་ཆེ་ཞིང་། ཆུ་དང་མཚོ་ཡི་དོ་དམ་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་ཡིན་པའི་ས་ཆར། ས་ཁོངས་དོ་མཉམ་དང་འཕེལ་རྒྱས་ཀྱི་བར་ཁྱད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་སྒོས་བསམ་བློ་བཏང་སྟེ། ལོ་རེའི་ཀྲུང་དབྱང་ནོར་སྲིད་ཆུ་བེད་འཕེལ་རྒྱས་མ་དངུལ་སྡེབ་སྒྲིག་བྱེད་སྐབས་འོས་འཚམས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ། གྲོང་ཁྱེར10དང་། རྫོང10བདམས་ནས་བྱ་དགའི་མ་དངུལ་ངེས་ཅན་ཞིག་སྟེར་རྒྱུ་ཡིན་པར་གསལ་བོར་བསྟན་ཡོད། 

བྱ་དགའ་ཐོབ་པའི་རྨང་གཞིའི་ཆ་རྐྱེན་ནི་སྟོབས་ཤུགས་ཡོད་རྒུས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་མིང་དངོས་དང་དོན་དངོས་ཡིན་པ། ནུས་ཤུགས་ཡོད་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཆུ་དང་མཚོ་དཔོན་དོ་དམ་གྱི་བྱ་བ་ལེགས་པོར་སྒྲུབ་ཏེ། ཆུ་དང་མཚོ་ཡི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དང་། ཆུ་དང་མཚོ་ཡི་རྡོ་ཟེགས་བརྐོ་བའི་ཕྱོགས་བསྡུས་བཅོས་སྐྱོང་། དེ་མིན་ཆུ་དང་མཚོ་ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད། ཆུ་དང་མཚོ་ཡི་ཆུའི་སྤུས་ཚད་དང་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་ལེགས་བཅོས་སླར་གསོ་སོགས་ཀྱི་གཙོ་གནད་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་བྱ་བར་ཕན་འབྲས་མངོན་གསལ་ཐོབ་པ་བཅས་ཡིན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།