ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པའི་ཚེས13ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། 

ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གཙོ་བའི་ལའོ་ཝུའོ་ཏང་ཀྲུང་དབྱང་གིས་ཏང་གི་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ནས། ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་པར་སྲ་བརྟན་དང་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་བྱ་གཞག་ལ་སྐུལ་སྤེལ་བཏང་བ་མ་ཟད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད།  གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ལའོ་ཝུའོ་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྲོག་ཤིང་ཡིན་པའི་ནུས་པ་འདོན་སྤེལ་བྱས་ནས། རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་བཅས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བཏང་སྟེ། ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ཡོང་བར་རྒྱུན་འཁྱོངས་བྱ་དགོས། ང་ཚོ་དེའི་དོན་དུ་དགའ་པོ་བྱུང་ཡོད།

ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་སླེབས་རྗེས་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། ལའོ་ཝུའོ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་རེད།  ལའོ་ཝུའོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ཐེངས་འདིའི་ཚོགས་ཆེན་གྱིས་ལའོ་ཝུའོ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱེད་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་ཡོད།

ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ།  ལའོ་ཝུའོ་ཕྱོགས་དང་མཉམ་དུ“ཡུན་རིང་བརྟན་ལྷིང་དང་། ཁྱིམ་མཚེས་མཛའ་མཐུན་ཡོང་བ། ཕན་ཚུན་ཡིད་ཆེས་བྱེད་པ། ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ”བཅས་ཀྱི་བྱེད་ཕྱོགས་དང་། “ཁྱིམ་མཚེས་བཟང་པོ། བློ་མཐུན་བཟང་པོ། གྲོགས་པོ་བཟང་པོ”བཅས་ཀྱི་དགོངས་དོན་གྱི་ཁྲིད་སྟོན་འོག   ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ལའོ་ཝུའོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་རྒྱུན་ཆད་མེད་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།