ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཐོག་ཆེས་ཐོག་མའི་འགྲོས་མགྱོགས་སྡུད་གཡེང་མེ་འཁོར་བཟོ་གྲྭའི་འཛུགས་སྐྲུན་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱིས་རང་བདག་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་འཛམ་གླིང་ཐོག་གི་འགྲོས་མགྱོགས་སྡུད་གཡེང་མེ་འཁོར་ལས་གྲྭའི་ཚོད་ལྟའི་མེ་འཁོར་དང་ཚོད་ལྟའི་རྣམ་གྲངས་ཚེས13ཉིན་ཁྲིན་ཏུའུ་ནས་སྤེལ་བ་རེད། དེས་འགྲོས་མགྱོགས་སྡུད་གཡེང་མེ་འཁོར་བཟོ་གྲྭའི་ཚོད་ལྟ་མེད་པ་ནས་ཡོད་པའི་བར་བརྒལ་བྱུང་བ་མཚོན་ཡོད། 

མེ་འཁོར་དེར་ཐཱན་ཚི་སྣའི་ལྗིད་ཡང་རང་བཞིན་གྱི་འཁོར་སྒམ་དང་འགོག་ཤུགས་ཆུང་བའི་འཁོར་མགོ་སྤྲད་ཡོད་པ་དང་། དྲོད་མཐོ་དང་སྡུད་གཡེང་སོགས་སྔོན་ཐོན་ལག་རྩལ་མང་པོ་བཀོལ་ཡོད། འཆར་འགོད་ལྟར་ན་འགྲོས་ཚད་དུས་ཚོད་རེར་སྟོང་སྨི620ཡིན་པ་དང་། དེས་རླུང་ཁམས་ཆེན་པོའི་ཁོར་ཡུག་འོག་གི་འགྲིམ་འགྲུལ་གྱི་ཆེས་མཐོའི་འགྲོས་ཚད་བརྒལ་ཐུབ་པའི་རེ་བ་ཡོད།

མ་འོངས་བར། འདིས་ས་འོག་སྟོང་སངས་ཁོར་ཡུག་བགྲོད་ལམ་སོགས་ཀྱི་ལག་རྩལ་བཀོལ་ནས་འཁོར་ལམ་འགྲིམ་འགྲུལ་ལ་ཚོད་བརྒལ་རང་བཞིན་དང་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་གཏོང་སྲིད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།