ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱིས་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་བསྟུར་མར་ལོ15རིང་ལ་འཛམ་གླིང་གི་ཨང་གཉིས་པ་ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། གསར་འགོད་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོར་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་དང་། གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སོ་སོར་སྤྱི་ལེ་རེར་ཏུན་དུང་ཕྱུར798.5དང་། མི་ཐེངས་དུང་ཕྱུར4.2། ཏུན་ཁྲི676.6བཅས་ལེགས་འགྲུབ་བྱས་ཏེ། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱིས་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་བསྟུར་མར་ལོ15རིང་ལ་འཛམ་གླིང་གི་ཨང་གཉིས་པ་ཟིན། 2021ལོར། དམངས་སྤྱོད་མཁའ་འགྲུལ་གྱིས་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་རེར་ཏུན་དུང་ཕྱུར1062དང་། གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར5.9། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི753བཅས་ལ་བསླེབ་པར་བརྩོན་ལེན་བྱས་ཏེ། རིམས་ནད་མ་བྱུང་སྔོན་གྱི80%ཡན་དང་། 90%ཡས་མས་ཡང་ན་རིམས་ནད་སྔོན་གྱི་གནས་ཚུལ་དང་ཕལ་ཆེར་འདྲ་མཉམ་ཡིན་པར་སླར་གསོ་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་ཚོང་རའི་བར་སྟོང་རིམ་བཞིན་རྒྱ་བསྐྱེད་པ་དང་། མཁའ་འགྲུལ་ཀུང་ཟིའི་འགྲན་རྩོད་ནུས་ཤུགས་རིམ་བཞིན་ཇེ་དྲག་ཏུ་གྱུར། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་ཏེ། རྒྱལ་སྤྱིའི་མཁའ་འགྲུལ་མཉམ་ལས་དང་བརྗེ་རེས་ཀྱི་ཆུ་ཚད་གཏིང་ཟབ་དུ་འགྲོ་བཞིན་ཡོད་པས། དམངས་སྤྱོད་མཁའ་འགྲུལ་གྱི་རང་བདག་གསར་སྐྲུན་འཕེལ་རྒྱས་མ་ལག་རིམ་གྱིས་གྲུབ་ཡོད། དེ་ལས2005ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་ནས་བཟུང་། ལོ15རིང་ལ་རྒྱུན་མཐུད་ངང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཁའ་འགྲུལ་སྐྱེལ་འདྲེན་གྱི་རྒྱལ་ཁབ་སྟོབས་ཆེན་ནས་གཅིག་རྐྱང་གི་མཁའ་ཐོག་སྐྱེལ་འདྲེན་རྒྱལ་ཁབ་སྟོབས་ཆེན་དུ་བརྒལ་བ་མངོན་འགྱུར་བྱས་པ་མཚོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།