ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་རིག་གནས་དང་གནས་སྐོར་མ་དངུལ་མཉམ་འདྲེས་ལས་གཞི320ལ་མ་དངུལ་སྒོར་དུང་ཕྱུར་60000གཏོང་རྩིས་ཡོད་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས12ཉིན་རིག་གནས་དང་གནས་སྐོར་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། རིག་གནས་དང་གནས་སྐོར་པུའུ་དང་།རྒྱལ་ཁབ་གསར་སྤེལ་དངུལ་ཁང་སོགས་ལས་ཁུངས7ཡིས་ཉེ་ཆར་རྒྱལ་ཡོངས་རིག་གནས་དང་གནས་སྐོར་དངུལ་གཏོང་ལས་གཞི320བདམས་ཤིང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར6194.1ཡིན་ཞིང་། དངུལ་གཏོང་སྒོར་དུང་ཕྱུར2325.4གཏོངརྩིས་ཡོད། 

རིག་གནས་དང་གནས་སྐོར་པུའུ་ཐོན་ལས་འཕེལ་རྒྱས་སི་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། རིག་གནས་དང་གནས་སྐོར་མཉམ་ལས་ཟབ་སྤེལ་བྱེད་པ་དང་།རིག་གནས་དང་གནས་སྐོར་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་ཆེད།2019ལོར། རིག་གནས་དང་གནས་སྐོར་པུའུ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོའི་ཞིང་ལས་དངུལ་ཁང་།ཀྲུང་གོའི་བཟོ་ཚོང་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། ཀྲུང་གོའི་ཀོང་ཏ་དངུལ་ཁང་སོགས་དངུལ་རྩའི་སྡེ་ཁག་6གིས་མཉམ་འབྲེལ་སྒོས་རྒྱལ་ཡོངས་རིག་གནས་དང་གནས་སྐོར་དངུལ་གཏོང་ལས་གཞིའི་བྱ་བ་སྤེལ། །


རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།