ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རིམ་པའི་རྒྱལ་གཉེར་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་སྲུང་ཐེབས་རྩར་གཏོང་སྤྲོད་བྱེད་པ་དེ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོས་པས་ཚེས12ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར། ཆ་རྐྱེན་དང་མཐུན་པའི་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་དངུལ་རྩའི་སྡེ་ཁག་གི་རྒྱལ་ཁབ་མ་རྩ་ཁ་ཤས་སྤྱི་ཚོགས་འགན་སྲུང་ཁྲོད་བསྐོར་བའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཤིང་། ཁྱོན་བསྡོམས་ཀྲུང་དབྱང་གི་ཁེ་ལས་93དང་ཀྲུང་དབྱང་དངུལ་རྩའི་སྡེ་ཁག་གི་རྒྱལ་གཉེར་མ་རྩའི་སྤྱི་གྲངས་སྒོར་ཁྲི་དུང་ཕྱུར1.68བསྐོར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ནས་རྒྱལ་གཉེར་མ་རྩ་སྤྱི་ཚོགས་འགན་སྲུང་ཁྲོད་བསྐོར་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་ཆེད།ནོར་སྲིད་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་གཉེར་ཐོན་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐུན་འགྲིག་དམ་ཟབ་དང་།སྟོབས་ཤུགས་ཡོད་རྒུས་བྱ་བར་སྐུལ་འདེད་བཏང་། ནོར་སྲིད་པུའུ་ཡིས་བསྟན་དོན། ཀྲུང་དབྱང་རིམ་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཤིང་།དྲང་བདེན་དང་རྒྱུན་མཐུད་ཀྱི་རྒན་གསོའི་ཉེན་སྲུང་སྒྲིག་སྲོལ་ལ་འགན་སྲུང་མཁོ་འདོན་བྱ་ཆེད། རྒྱལ་ཁབ་ཁེ་ལས་ཀྱི་དམངས་ཡོངས་ལ་དབང་བ་དང་།འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་མངོན་པར་མཚོན་ཡོད་ཅེས་བསྟན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།