རྒྱལ་ཡོངས་སྤྱི་ཕན་རང་བཞིན་གྱི་ཁེ་ལས་ཆུང་བའི་བསྐྱི་དངུལ་ལྷག་གྲངས་སྒོར་ཁྲི་དུང་ཕྱུར15ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས12ཉིན།གསར་འགོད་པས་དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། 2020ལོའི་ཟླ12པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱིསྤྱི་ཕན་རང་བཞིན་གྱི་ཁེ་ལས་ཆུང་བའི་བསྐྱི་དངུལ་ལྷག་གྲངས་སྒོར་ཁྲི་དུང་ཕྱུར15ལས་བརྒལ་ཞིང་།དུས་མཉམ་ལས་འཕར་བསྣོན་མྱུར་ཚད་ལས་བརྒྱ་ཆའི30་བརྒལ། 

དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གི་དངུལ་རྩའི་ཞབས་ཞུ་ཤུགས་དྲག་ཏུ་གཏོང་བར་སྐུལ་འདེད་དང་། ལྟ་སྐུལ་དོ་དམ་རྒྱུགས་ལེན་དཔྱད་ཞིབ་ལ་ཤུགས་བསྣན་ནས། ཡིད་རྟོན་དངུལ་བུན་ཐོན་ཁུངས་ཀྱི་གནད་འཁེལ་ཕྱིར་གཏོང་ལ་སྣེ་ཁྲིད་དེ།ཁེ་ལས་ཆུང་བས་ཕན་ནུས་ལྡན་པའི་ཡིད་རྟོན་བསྐྱི་དངུལ་མཁོ་འདོན་རྒྱུན་མཐུད་ངང་འཕར་བསྣོན་བྱུང་བར་ཁག་ཐེག་བྱས།དུས་མཚུངས་སུ་དངུལ་ཁང་གིས་ཡིད་རྟོན་བསྐྱི་དངུལ་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་སྣེ་ཁྲིད་དང་།ཁེ་ལས་ཆུང་བའི་བསྐྱི་དངུལ་ཐོག་མ་དང་། མུ་མཐུད་དུ་བསྐྱི་དངུལ་རྒྱ་བསྐྱེད་ཀྱི་ཤུགས་ཚད་ཆེ་རུ་བཏང་སྟེ། ཡིད་རྟོན་བསྐྱི་དངུལ་དང་།དུས་ཡུན་འབྲིང་རིང་གི་བསྐྱི་དངུལ་སོགས་ཀྱི་ཐོན་རྫས་ཕུན་ཚོགས་སུ་བཏང་ནས། ཁེ་ལས་ཆུང་བའི་བསྐྱི་དངུལ་གྱི་རྣམ་པ་དང་ཡུན་ཚད་ཀྱི་དགོས་མཁོ་སྡེབ་སྒྲིག་ལེགས་པོ་བྱས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།