ཀྲུང་གོ་བོད་ཀྱི་དྲ་བ།

ལས་གནས་སོ་སོ་ནས་ལོ་སར་རོལ་བའི་གྲོས་འགོ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་སར་ལ་ཉེ་བའི་སྐབས། རྒྱལ་ནང་དུ་རིམས་ནད་ཅན་ཁ་ཤས་བྱུང་བས། ཡུལ་དུ་ལོག་ནས་ལོ་སར་རོལ་ཐུབ་མིན་དེ་མི་ཚང་མའི་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།

སྡེ་ཁག་མང་བོས་དགོས་མཁོ་མེད་པའ་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་བ་དང་ལས་གནས་སུ་ལོ་སར་རོལ་བའི་འབོད་སྐུལ་བཏང་ཡོད།

ཛ་དྲག་དང་རྙོག་འཛིང་ཆེ་བའི་དགུན་དུས་རིམས་འགོག་གནས་བབ་ལ་ཁ་གཏད་དེ། ལོ་སར་དུས་ཆེན་གྱི་སྐབས་སུ་མི་འབོར་མང་བོ་འགྲོ་སྐྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།    

ཟླ1པོའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ལོ་གསར་སྐབས་ཀྱི་ཆེད་དོན་སྐྱེལ་འདྲེན་ཚན་ཆུང་བཙུགས་ནས། དགོས་མེད་ཀྱི་འགྲོ་སྐྱོད་ཉུང་དུ་བཏང་སྟེ་དཔྱིད་གསར་སྐྱེལ་འདྲེན་གྱི་དབང་གིས་ནད་ཡམས་འགོས་ཁྱབ་བཀག་ནས་འཚིང་ཁ་ལས་གཡོལ་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།    

འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སློབ་གྲྭའི་གུང་གསེང་དུས་ཚོད་དང་སློབ་འགོ་ཚུགས་པའི་ཉིན་མོ། ལྗོངས་རྒྱུའི་ཁུལ་གྱི་འགྲུལ་བའི་མང་ཉུང་ཚང་མ་འཚིང་ཁ་ལས་གཡོལ་ཏེ་སྣེ་ལེན་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས་པར་བསྟན།

ཟླ1པོའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། འཚིང་ཁ་ལས་གཡོལ་བའི་འགྲོ་སྐྱོད་དང་དྲ་ཐོག་ནས་འཛད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་གྲྭའི་དགུན་ཁའི་གུང་གསེང་དང་དཔྱིད་ཁའི་སློབ་འགོ་ཚུགས་པའི་དུས་ཚོད་བཀོད་སྒྲིག་ཡག་པོ་བྱེད་པ། ལས་ཀ་བྱེད་ཡུལ་དུ་ལོ་གསར་རོལ་རྒྱུ་སྐུལ་ལྕག་བྱས་ཏེ་མི་སྣ་འགྲོ་སྐྱོད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བཤད།    

       ས་ཁུལ་མང་བོས་ཞིང་ཆེན་ཕྱིའི་ལས་བཟོ་བར་ལས་ཀ་བྱེད་ཡུལ་དུ་ལོ་གསར་རོལ་བར་སྐུལ་ལྕག་གནང་བ།

ཉེ་ཆར་པེ་ཅིང་དང་ཧྲང་ཧའེ། ཉིང་ཞ། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཧུའུ་པེ། ཧོ་པེ་སོགས་ས་ཁུལ་གྱིས་སྔ་རྗེས་སུ“དཔྱིད་གསར་དུས་ཆེན་རིང་ངེས་པར་དུ་ཕ་ཡུལ་དུ་ལོག་མི་དགོས་ཚེ་མི་ལོག་པའི”གྲོས་འགོ་བཏོན་ནས་ཁེ་ལས་དང་བྱ་ལས་ཚན་པས་སྟབས་བསྟུན་གུང་གསེང་བཀོད་སྒྲིག་དང་ཆ་རྐྱེན་ཡོད་པའི་སྒོ་ནས་ལས་ཀ་བྱེད་ཡུལ་དུ་ལོ་གསར་རོལ་རྒྱུར་སྐུལ་མ་བྱས་ཡོད།    

མེ་འཁོར་པ་སེ་ཉོས་ཟིན་པ་སློག་སྐབས་གླ་རིན་མི་དགོས།

ཀྲུང་གོ་ལྕགས་ལམ་སྐད་འཕྲིན་སྤྱི་རྟགས་ཀྱིས་ཟླ1པོའི་ཚེས6ཉིན་གནས་ཚུལ་སྤེལ་བར། ས་གནས་ཁག་གི་རིམས་འགོག་ཚོད་འཛིན་གྱི་བླང་བྱར་གཞོགས་འདེགས་བྱ་ཆེད། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་རིན་མེད་ངང་པ་སེ་ཕྱིར་སློག་བྱེད་ཐབས་བཏོན་ཡོད། ཉེ་ཆར་རྒྱལ་ཡོངས་ཀྱི་ས་ཁུལ་ཁ་ཤས་སུ་ནད་དཔེ་བྱུང་བར་དམིགས་ཏེ། ས་གནས་ཁག་གི་སྲིད་གཞུང་གིས་མི་སྣ་འགྲོ་སྐྱོད་ཉུང་དུ་གཏོང་བ་དང་འགྲུལ་བཞུད་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། མི་སྣ་འདུ་འཛོམས་མི་བྱེད་པར་རིམས་འགོག་ཚོད་འཛིན་བྱེད་ཐབས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་གཞོགས་འདེགས་བྱས་ནས། མེ་འཁོར་སྡེ་ཚན་གྱིས་འགྲུལ་སྐྱེལ་མེ་འཁོར་གྱི་པ་སེ་ཕྱིར་སློག་གི་གཏན་འབེབས་ལ་ལེགས་སྒྲིག་བྱས་པ་གཤམ་གསལ། 2021ལོའི་ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད0ནས་བཟུང་འགྲུལ་པས་མེ་འཁོར་འབབ་ཚུགས་དང་ལྕགས་ལམ12306གི་དྲ་ཚིགས(ལག་ཐོགས་ཁ་པར་གྱི་སྦྲེལ་སྣེ་ཚུད)སོགས་སུ2021ལོའི་ཟླ1པོའི་ཚེས6ཉིན་གྱི་ཆུ་ཚོད24གོང་ཉོས་ཟིན་པའི་མེ་འཁོར་པ་སེ་ཕྱིར་སློག་བྱེད་སྐབས་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་གླ་དངུལ་མི་བསྡུ་བ་དང་མེ་འཁོར་གུན་སྐྱོབ་དངུལ་ཡང་མཉམ་དུ་གཉེར་རྒྱུ་རེད།    །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།