ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་གནམ་གྲུ་ཆག་སྐྱོན་བྱུང་བར་ཙུང་ཐུང་ཙུའོ་ཁིར་འཚམས་འདྲི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ1པའི་ཚེས10ཉིན་ཧིན་རྡུ་ཉི་ཞི་ཡའི་སུའུ་ལཱ་ཝེ་ཅ་ཡ་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་བར་ཙུང་ཐུང་ཙུའོ་ཁིར་འཚམས་འདྲི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་འཚམས་འདྲི་གློག་འཕྲིན་ནང་། ཧིན་རྡུ་ཉི་ཞི་ཡའི་དམངས་སྤྱོད་མཁའ་འགྲུལ་ཞིག་ལ་ཆག་སྐྱོན་བྱུང་བའི་གནས་ཚུལ་ཐོས་མ་ཐག  ཧིན་རྡུ་ཉི་ཞི་ཡ་ནི་མཛའ་མཐུན་གྲོགས་པོ་ཡིན་པའི་ཆ་ནས།ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བ་དང་ཁྱིམ་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།