ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཅིན་ཀྲེང་ཨེན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་བློ་མཐུན་ཅིན་ཀྲེང་ཨེན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་ཧ་ཅང་དགའ་བོ་བྱུང་ཡོད། ངས་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་རང་ཉིད་ཀྱི་མིང་ཐོག་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན།

ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་དུ་སྤེལ་བར་བཀོད་སྒྲིག་རབ་དང་རིམ་པ་བྱས་པར་དོན་སྙིང་གལ་ཆེན་ལྡན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཆེ་མཐོའི་འགོ་ཁྲིད་ལ་བདམས་པ་དེས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་ཁྲའོ་ཞན་མི་དམངས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ལ་ཡིད་ཆེས་དང་བརྩི་བཀུར། རེ་སྒུག་བཅས་ཡོད་པ་གང་ལེགས་ཀྱིས་མཚོན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག  ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་མི་དམངས་ཀྱིས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་སྟེ། ཧུར་ཐག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་སྦྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་ཡིན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི། ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། འཛམ་གླིང་འདི་ཟིང་ཆའི་འགྱུར་ལྡོག་གི་དུས་སྐབས་སུ་སླེབས་པའི་གནས་བབ་འོག  ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ལྟར། ཀྲུང་གོ་དང་ཁྲའོ་ཞན་བར་མཛའ་མཐུན་མཉམ་ལས་ཀྱི་ལེ་ཚན་གསར་པ་རྒྱུན་ཆད་མེད་པར་བརྩམས་ཏེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐག་གཅོད་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་བར་སྲུང་སྐྱོང་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན།

བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བྱ་བ་ལམ་འགྲོ་ཡོང་བ་དང་། ཁྲའོ་ཞན་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་གྲུབ་འབྲས་གསར་པ་སྔར་ལས་ཆེན་པོ་ལོན་པར་རྟེན་འབྲེལ་ཞུས་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།