ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་མིར་གནོད་འཚེ་གཏོང་མཁན་ལ་སྙིང་རྗེ་སྤུ་ཙམ་མེད་པར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཐག་བཅད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཀྲོའུ་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནན་བཤད་བྱས་པར། གསར་དུ་བཟོ་བཅོས་བརྒྱབ་པའི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་ནར་མ་སོན་པའི་མིས་ཉེས་གསོག་སྔོན་འགོག་གི་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱས་ནས། ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་ཚང་མར་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་ལྷག་པར་དུ་ནར་མ་སོན་པའི་མིར་དམིགས་པའི་མི་གསོད་དང་བསླུ་འཚོང་། བཙན་གཡེམ་སོགས་བཅའ་ཁྲིམས་དང་སྤྱི་ཚོགས་མི་ཆོས་ཀྱི་མ་མཐའི་མཚམས་ཐིག་ལ་འགྲན་སློང་བྱེད་པའི་ཉེས་གསོག་ཚབས་ཆེན་ལ་ཉེས་ཆད་ལྕི་མོ་གཅོད་དགོས་པ་དང་། ཐ་ན་སྲོག་ཁྲིམས་གཅོད་དགོས་པའི་རིགས་ལ་གུ་ཡངས་སྤུ་ཙམ་ཡང་གཏོང་མི་རུང་ཞེས་བཤད།  

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་གི་གནས་ཚུལ་འདྲི་གཅོད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གཉེན་སྒྲིག་ཁྱིམ་ཚང་གི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་འོས་འཚམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མི་ལུས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཀའ་རྒྱའི་ལམ་ལུགས་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་བ་དང་།  ཁྱིམ་ཚང་གི་དྲག་ཤུགས་སྔོན་འགོག་དང་མི་ལུས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།