ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་དུས་རབས་གསར་བའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་དུས་རབས་གསར་བའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དཔེ་ཆར་བསྡོམས་པས་ཡིག་འབྲུ་ཁྲི་གཉིས་དང་སྟོང་དྲུག་ཙམ་ཡོད་པ་དང་། འགོ་བརྗོད་དང་མཇུག་གི་གཏམ་མ་འདུས་པའི་ཁག་བརྒྱད་ཡོད། དེ་དག་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྣེ་ཁྲིད་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་རོགས་འདེགས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྐུལ་འདེད་གཏོང་བ། ལག་རྡང་སྦྲེལ་ཏེ་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་བདག་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་བརྗེ་རེས་དང་ཕྱོགས་གསུམ་པའི་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་རྒྱང་ལྟ་བྱེད་པ་བཅས་རེད།

རྒྱབ་ཤ་དཀར་པོའི་དཔེ་ཆའི་ནང་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་ཞིང་། དགོངས་པའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་། དམིགས་འབེན་ཁ་ཕྱོགས་སྔར་ལས་གསལ་ལ། འགུལ་སྐྱོད་ལག་ལེན་ལ་སྔར་ལས་གསོན་ཤུགས་ལྡན། ཀྲུང་གོ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་གཞི་ཁྱོན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པར་མ་ཟད། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཧ་ཅང་དར་རྒྱས་མིན་པའི་རྒྱལ་ཁབ་དང་རྒྱུད་གཅིག་ལམ་གཅིག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དམིགས་སུ་བཀར་ནས་ལག་བསྟར་བྱེད་ངེས་རེད།

རྒྱབ་ཤ་དཀར་པོའི་དཔེ་ཆའི་ནང་བཤད་དོན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོ་བཏོན་པའི་ཚུན་ལ། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་ལྟར། ཧུར་ཐག་སྒོས་འཕེལ་རྒྱས་མཉམ་ལས་རྒྱ་བསྐྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།