ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉེན་རྟོག་པར་གུས་འདུད་ཞུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c4520926070e49828e4e6f863aa27682.jpg

ཟླ1པའི་ཚེས10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་ཡིན་ལ། ཡང་གཟའ་ཉི་མར་ཁེལ་ཡོད། འོན་ཀྱང་མི་དམངས་ཉེན་རྟོག་པ་ཁྲི་སྟོང་མང་པོ་སྔར་བཞིན་རང་གི་ལས་གནས་གཏན་སྲུང་གིས། གྱོད་དོན་སྒྲུབ་པའི་ལམ་བར་དང་རིམས་ནད་འགོག་པའི་འཐབ་ས་དང་པོ་སོགས་སུ་བྲེལ་བཞིན་ཡོད། དུས་ཆེན་འདིར། ང་ཚོས་ཁོང་ཚོར་གུས་འདུད་ཞུ།    

ཉེན་རྟོག་པའི་དུས་ཆེན་བཙུགས་པ་ནི། ཏང་དང་སྲིད་གཞུང་གིས་མི་དམངས་ཉེན་རྟོག་པའི་དཔུང་ཁག་གིས་དུས་བདེ་ཞོད་འཇགས་ཀྱི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་དང་ཁོང་ཚོས་སླར་ཡང་བྱས་རྗེས་གསར་པ་འཇོག་པར་རེ་སྒུག་བྱས་པ་ཞིག་ཀྱང་ཡིན།    

སྐལ་བ་བཟང་བོའི་ཕུན་ཚོགས་ལ་མི་མང་པོའི་རྔུལ་ཆུའི་ཟེགས་མས་བརླན་ཡོད། མི་ཁ་ཤས་ཀྱིས་ཉེན་རྟོག་པའི་ལས་ཀ་ནི་ཞི་བདེའི་དུས་ཀྱི་ཆེས་ཉེན་ཁ་ཆེ་བའི་ལས་རིགས་ཤིག་རེད་ཟེར། ཀླ་ཀློའི་རྟུལ་ཞུགས་འཛིན་པའི་ཉེས་ཅན་དང་། ཐོལ་བྱུང་ཉེན་ཆེའི་གནོད་འཚེ། རྒོལ་མེད་དྲག་པོའི་ནད་ཡམས་སོགས་སུ་མི་དམངས་ཉེན་རྟོག་པའི་རྒྱབ་གཟུགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཡོངས་སུ་གཞུང་དོན་དུ་རང་སྲོག་ཤོར་བའི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་ཁྲི1.6ལྷག་ཡོད་པ་དང་། ད་དུང་ཁྲིམས་ཁང་དང་བཙོན་ཁང་། དུག་གཅོད་ཁང་སོགས་སྡེ་ཚན་གཞན་དག་གི་མི་དམངས་ཉེན་རྟོག་པའང་ཡོད་པ་རེད།    

མགྲོན་བརྒྱ་ཚུར་ཡོང་དང་རྟ་བརྒྱ་ཕར་བཞུད་ཀྱི་དུས་ཆེན་སྐབས་སུ་དེ་བས་ཀྱང་མི་དམངས་ཉེན་རྟོག་པའི་སྲུང་སྐྱོང་མཁོ།    ཁྱིམ་མིས་རེ་སྒུག་གི་མིག་མདངས་ཀྱིས་ཁོང་ཚོར་གནོང་སེམས་སྦྱིན་སྲིད་ནའང་། ཁོང་ཚོར་ཞེ་སྡང་མེད་ལ་འཁང་ར་མེད། དེ་བས་ཀྱང་འཚབ་འཚུབ་མེད། ཁྱིམ་ཚང་ཁྲི་སྟོང་མང་པོའི་སྒེའུ་ཁུང་ལས་དགའ་བའི་དགོས་སྒྲ་གྲགས་སྐབས་ཁོང་ཚོས་ཁྲོམ་གཞུང་དང་ལས་ཁུངས། ལས་རེས་རླངས་འཁོར་ནང་ངམ་ཡང་ན། རིམས་འགོག་གི་འཐབ་ས་དང་པོ་སོགས་སུ་བདེ་འཇགས་དང་འཆམ་མཐུན། དྲོད་སྐྱིད་སྲུང་བཞིན་ཡོད།     

དཀའ་ངལ་ཡོད་ཚེ་ཉེན་རྟོག་པ་བཙལ་དགོས་ཞེས་པ་འདི་མི་རྣམས་ཀྱི་སེམས་སུ་གནའ་སྔ་མོ་ནས་རྒྱུན་འབྱམས་སུ་གྱུར་ཡོད། འོན་ཀྱང་ཉེན་རྟོག་པར་ཡང་དཀའ་ཁག་མང་པོར་འཕྲད་སྲིད། མི་སོ་སོས་ཁོང་ཚོའི་ཁྲིམས་འཛིན་སྐབས་ཀྱི་ཉེ་རིང་ཕྱོགས་མེད་དང་། གྱོད་དོན་སྒྲུབ་སྐབས་ཀྱི་ནན་ཏན་ལ་གོ་བ་ལེན་ཐུབ་པ་ཞིག་ག་ལ་ཡིན། ཐ་ན་སྐབས་འགར་ཁོང་ཚོ་ནི་མི་སྒྲུབ་བྱ་བ་ཅི་ཡང་མེད་པའི་སྤྱན་རས་གཟིགས་སུ་འདོད། ཁོང་ཚོའི་བརྟན་སྲུང་དང་རྒྱུན་འཁྱོངས་ནི་སེམས་གཏིང་ནས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་མེས་རྒྱལ་ལ་བཅངས་པའི་བློ་དཀར་སེམས་དཀར་ལས་བྱུང་བ་ཞིག་རེད།    

ལོ་ངོ་བརྒྱ་ཡི་ཏང་གི་དད་སེམས་དམར་པོས་རླབས་ཆེའི་ཀྲུང་ཧྭའི་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད། མི་དམངས་ཉེན་རྟོག་པའི་ལས་འགན་ལྕི་ལ་གཟི་བརྗིད་ལྡན། ཐབས་ཤེས་གཉིས་མཁས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས།    གཟི་བརྗིད་ལྡན་པའི་དུས་ཆེན་འདིར་ང་ཚོས་མི་དམངས་ཉེན་རྟོག་པར་གུས་འདུད་ཞུ།   །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།