2020ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32165ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས7ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32165ཟིན་པ་དེ་ཟླ་བཅུ་གཅིག་པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་380འཕར་བ་དང་། འཕར་ཚད་1.2%ཟིན་ཡོད་པ་རེད།

ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ལ་འགྱུར་ལྡོག་བྱུང་རྐྱེན་གང་ཡིན་ནམ། དེའི་ཐད་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པས། ཟླ་12པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ་དང་ཁྲོམ་རའི་ཉོ་ཚོང་དཔྱོད་ཤེས་དང་གོ་རིམ་ལྡན་པ་ཞིག་ཡོད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་ཐོག་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་འཕེལ་རིམ་དང་། གཙོ་གནད་རྒྱལ་ཁབ་ཀྱི་དངུལ་ལོར་དང་དེ་བཞིན་ནོར་སྲིད་སྲིད་ཇུས་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨ་སྒོར་གྱི་འཛའ་ཐང་ཆག་པ་དང་། ཨ་སྒོར་མིན་པའི་དངུལ་ལོར་དང་དེ་བཞིན་གཙོ་གནད་རྒྱལ་ཁབ་ཀྱི་མ་རྩའི་རིན་གོང་ཚང་མ་འཕར་ཡོད། ཕྱི་དངུལ་གྲབས་གསོག་ཐད་ཨ་སྒོར་ནི་རིན་གོང་རྩིས་རྒྱག་གི་དངུལ་ལོར་ཡིན་པས། ཨ་སྒོར་མིན་པའི་དངུལ་ལོར་ཨ་སྒོར་ལ་ཕབ་རྗེས་དངུལ་གྲངས་འཕར་བ་དང་མ་རྩའི་རིན་གོང་འཕར་བ་སོགས་རྒྱུ་རྐྱེན་གྱི་ཐུན་མོང་ནུས་པ་བསྣན་ན་ཟླ་འདིའི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཆེ་རུ་སོང་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།