ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་ཧི་པེ་ཞིང་ཆེན་དུ་རིམས་ནད་འགོག་བཅོས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚེས་དྲུག་ནས་ཚེས་བརྒྱད་ཉིན་བར་ཧི་པེ་ཞིང་ཆེན་དུ་རིམས་ནད་འགོག་བཅོས་བྱ་བར་རྟོག་ཞིབ་བྱས། ཁོ་མོ་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཞོ་གོ་ཀྲོང་སྡེ་བ་དང་པེ་ཅིན་སྐོར་ལམ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་མདོ། ཞིན་ཁྲིན་ཕུའུ་སྡེ་བའི་ལོགས་བཀར་བྱེད་ས། ཧིན་ཏ་མིན་ཏུའུ་གཞིས་ཁུལ། རིམས་འགོག་ཚོད་འཛིན་ལྟེ་གནས། སྨན་ཁང་ལྔ་བ། ཧི་པེ་ཚན་རྩལ་སློབ་ཆེན་གྱི་སྨན་ཁང་དང་པོ་སོགས་སུ་སོང་སྟེ་གཞིས་ཁུལ་གྱི་བཀག་སྡོམ་དང་དངོས་རྫས་འགན་སྲུང་། འགྲིམ་འགྲུལ་དོ་དམ་ཚོད་འཛིན། ལོགས་བཀར་དང་ཉིང་སྐྱུར་བཤེར་འཇལ། སྨན་བཅོས་མྱུར་སྐྱོབ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། སོ་སོར་ས་གནས་དང་ལས་ཁུངས། ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ལ་བསྡུས་པ་དང་། ཧི་པེ་ཞིང་ཆེན་གྱི་བཀོད་འདོམས་ལྟེ་གནས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རིམས་ནད་འགོག་བཅོས་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས། ཁོ་མོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་ཏེ། ནུས་ལྡན་བྱེད་ཐབས་སྤྱོད་པ་དང་ནར་འགྱངས་ཡུད་ཙམ་མི་བྱེད་པར་འགོག་བཅོས་བྱེད་ཐབས་སྣ་ཚོགས་དམ་འཛིན་བྱེད་དགོས་ལ། རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་པ་དང་། རྒྱལ་སའི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱས་ནས་རྒྱལ་ཡོངས་སུ་ཐོབ་དཀའ་བའི་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།