ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་འབྲིང་དཀྱུས་མའི་བསླབ་ཚན་རིགས་གསུམ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ2025ལོར་ཡོངས་ཁེབས་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་ཟླ12པའི་ཚེས24ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཐོ་འབྲིང་དཀྱུས་མའི་བསླབ་ཚན་རིགས་གསུམ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ་མིག་སྔར་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)20ལ་ཁེབས་ཡོད་པ་དང་།2022ལོའི་སྔོན་ལ་ཞིང་ཆེན་ཚང་མར“ཡོངས་སུ་ཁྱབ་པ”མངོན་འགྱུར་བྱས་ཏེ། 2025ལོར་ལོ་རིམ་ཡོངས་ལ“ཡོངས་སུ་ཁེབས་པ”མངོན་འགྱུར་བྱ་རྒྱུ་རེད།

སློབ་གསོ་པུའུ་སློབ་དེབ་ཅུས་ཀྱི་ཅུས་ཀྲང་ཐེན་ཧུའེ་ཧྲེང་གིས་ཉིན་དེར་འཚོགས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭ་ཆུང་འབྲིང་དཀྱུས་མ་རྣམས་ཀྱི་ཀུན་སྤྱོད་དང་ཁྲིམས་སྐྱོང(བསམ་བློའི་ཆབ་སྲིད)དང་། སྐད་ཡིག ལོ་རྒྱུས་བཅས་བསླབ་ཚན་རིགས་གསུམ་གྱི་སློབ་དེབ་གཅིག་གྱུར་གྱིས་རྩོམ་སྒྲིག་དང་གཅིག་གྱུར་གྱིས་ཞིབ་བཤེར། གཅིག་གྱུར་གྱིས་བེད་སྤྱོད་བྱ་རྒྱུ་མངོན་འགྱུར་བྱས་ཡོད། འོས་འགན་སློབ་གསོའི་བསླབ་ཚན་རིགས་གསུམ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ2017ལོར་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། 2019ལོར་ལོ་རིམ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཡོད།མཐོ་འབྲིང་དཀྱུས་མའི་བསླབ་ཚན་རིགས་གསུམ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ2019ལོར་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་དང་།2022ལོར་ཞིང་ཆེན་ཚང་མར“ཡོངས་སུ་ཁེབས་པ”མངོན་གྱུར་བྱས་ཏེ།2025ལོར་ལོ་རིམ་ཡོངས་སུ“ཁེབས་པ”མངོན་འགྱུར་བྱ་རྒྱུ་རེད། རྨང་གཞི་དེའི་སྟེང་འབྲིང་རིམ་ལས་རིགས་སློབ་གྲྭའི་བསླབ་ཚན་རིགས་གསུམ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་དེབ་ཀྱང་རྩོམ་སྒྲིག་བྱེད་མགོ་བརྩམས་ཡོད་པས།2020ལོའི་ལོ་སྨད་དུ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་འཆར་གཞི་བཀོད་ཡོད།

ཐེན་ཧུའེ་ཧྲེང་གིས་བཤད་རྒྱུར། རང་རྒྱལ་གྱི་སློབ་ཚན་དང་བསླབ་དེབ་གསར་པའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་།བསླབ་དེབ་ཀྱི་རྣམ་གྲངས་སྔར་བས་ཆ་ཚང་ཞིང་།སྣ་ཁ་སྔར་བས་ཕུན་སུམ་ཚོགས་པ།རིགས་སྣ་སྔར་བས་སྣ་མང་བ།བསླབ་དེབ་ཀྱི་དུས་རབས་རང་བཞིན་དང་།མཐུན་འཕྲོད་རང་བཞིན།མི་གསོ་སྐྱོང་བྱེད་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། མིག་སྔར་སྤྱོད་བཞིན་པའི་རྒྱལ་ཡོངས་རིམ་པ་ཁག་གི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་བསླབ་དེབ་ཁྲི19ཙམ་དང་།དེའི་ནང་རྨང་གཞིའི་སློབ་གསོའི་རིགས་ཀྱི་བསླབ་དེབ་ཁྲི1ཙམ་དང་།ལས་རིགས་སློབ་གསོ་དང་རྒྱུན་མཐུད་སློབ་གསོའི་རིགས་ཀྱི་བསླབ་དེབ་ཁྲི8ཙམ།མཐོ་རིམ་སློབ་གསོའི་རིགས་ཀྱི་བསླབ་དེབ་ཁྲི10ཙམ་བཅས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།