ཀྲུང་གོ་བོད་ཀྱི་དྲ་བ།

ལྕགས་ལམ་སྡེ་ཚན་གྱིས་ས་གནས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་གཞོགས་འདེགས་བྱས་ཏེ་རིན་མེད་ངང་སྤ་སེ་སློག་པའི་བྱེད་ཐབས་ཁྱབ་གདལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___wx3.sinaimg.cn_large_006kGCFTly1gmeuwl6sbxj30ru0fo43b.jpg&refer=http___wx3.sinaimg.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་གཞོགས་འདེགས་བྱ་ཆེད། རྒྱལ་ཁབ་ལྕགས་ལམ་ཚོགས་པས་རིན་མེད་ངང་སྤ་སེ་སློག་པའི་བྱེད་ཐབས་ཁྱབ་གདལ་བཏང་བ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པ་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་བས་ཉེ་ཆར་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་ཏུ་ནད་དཔེ་ཉུང་ཤས་ཐོན་པ་དང་ས་ཆ་འགའ་ཤས་ལ་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་པར་དམིགས་ཏེ་ས་གནས་ཁག་གིས་མི་སྣ་ཕྱིར་སྐྱོད་བྱ་རྒྱུ་ཉུང་དུ་གཏོང་བ་དང་། ལམ་བར་གྱི་ཉེན་ཁ་ཆུང་དུ་གཏོང་བ། འདུ་འཛོམས་རང་བཞིན་གྱི་རིམས་ནད་ཉུང་དུ་གཏོང་བ་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱ་ཆེད། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པའི་དུས་གཏན་མེ་འཁོར་གྱི་སྤ་སེ་ཕྱིར་སློག་པའི་གཏན་འབེབས་ཐད་ལེགས་སྒྲིག་བྱས་ཤིང་། 2021ལོའི་ཟླ1པོའི་ཚེས7ཉིན་གྱི་དགུང་མོའི་དུས་ཚོད24ནས་བཟུང་འགྲུལ་པས་མེ་འཁོར་བབས་ཚུགས་དང་ལྕགས་ལམ་གྱི་དྲ་ཚུགས12306སོགས་བརྒྱུད་དེ2021ལོའི་ཟླ1པོའི་ཚེས6ཉིན་གྱི་ཆུ་ཚོད24ཡི་གོང་མེ་འཁོར་སྤ་སེ་ཉོས་རིགས་ལ་སྤ་སེ་ཕྱིར་སློག་གི་འགྲོ་ལུགས་སྒྲུབ་ཆོག་པ་དང་། འགྲོ་ལུགས་སྒྲུབ་པའི་སྐབས་ཕྱིར་སློག་གི་གྲོན་དངུལ་མི་བསྡུ་བ་དང་། ཉོས་ཟིན་པའི་མེ་འཁོར་གྱི་སྤ་སེ་དང་མཉམ་དུ་ཐོལ་བྱུང་འགན་བཅོལ་གྱི་འགྲོ་ལུགས་ཀྱང་སྒྲུབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།