ཀྲུང་གོ་བོད་ཀྱི་དྲ་བ།

ཧི་པེ་ཡིས་སྨན་བཅོས་ལས་སྒྲུབ་པ3000བཀོད་སྒྲིག་བྱས་ཏེ་ཧྲི་ཅ་ཀྲོང་དུ་ཉིང་སྐྱུར་བརྟག་དཔྱད་བྱ་བར་རོགས་སྐྱོར་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པའི་ཚེས7ཉིན་གསར་འགོད་པས་ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཚེས6ཉིན་ཧི་པེ་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་གཞན་དག་ནས་སྨན་བཅོས་ལས་སྒྲུབ་པ1000སྐོང་འཐེན་བྱས་ཏེ་ཧྲི་ཅ་ཀྲོང་གི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་བཀོད་སྒྲིག་བྱས་ཤིང་། ཚེས7ཉིན་ཡང་བསྐྱར་སྨན་བཅོས་ལས་སྒྲུབ་མི་སྣ2000སྐོང་འཐེན་བྱས་ནས་སྟོབས་ཤུགས་ཡོད་རྒུས་ཉིང་སྐྱུར་བརྟག་དཔྱད་བྱ་བར་སྐུལ་འདེད་བཏང་། 

ཧྲི་ཅ་ཀྲོང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཏུང་ཧྲིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཧྲི་ཅ་ཀྲོང་གིས་གྲོང་ཁྱེར་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོན་ཁུངས་སྙོམས་སྒྲིག་གང་ལེགས་བྱས་ཏེ། ཕྱོགས་གསུམ་པའི་བརྟག་དཔྱད་སྡེ་ཁག་དེ་ཉིང་སྐྱུར་བརྟག་དཔྱད་བྱ་བའི་ཁྲོད་ཞུགས་པར་སྐུལ་མ་བྱས་ནས། ཤང་དང་གྲོང་རྡལ། སྲང་ལམ་གཞུང་སྒྲུབ་ཁང་བཅས་རིམ་པ་དང་པོ་དང་། སྲིད་འཛིན་སྡེ་བ། སྡོད་དམངས་ཨུ་ཡོན་ལྷན་ཁང་བཅས་རིམ་པ་གཉིས་བ་ཡིན་པའི་དྲ་བ་འཛུགས་སྐྲུན་བྱས་ནས། རིམ་པ་དང་པོའི་དྲ་རྒྱ331དང་རིམ་པ་གཉིས་བའི་དྲ་རྒྱ5298གཏན་འཁེལ་བྱས་པ་དང་། བྱ་བའི་སྒྲིག་རིམ་སྒྲིག་འཛུགས་བྱས་ནས་སྡོད་དམངས་ལ་འབྲེལ་བ་བྱེད་མཁན་དང་འགན་ཁུར་མཁན། རྩ་འཛུགས་མཁན། ཞབས་ཞུ་མཁན་ཡོད་པ་བཅས་ལ་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།