ཀྲུང་གོ་བོད་ཀྱི་དྲ་བ།

དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་ལ་ལོ་རེར་ཐེངས་རེར་དཔེ་ལེན་ཞིབ་བཤེར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་ཡིས《དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ(ཇུས་འགོད)དཔེ་ལེན་ཞིབ་བཤེར་བྱ་ཐབས(ཚོད་ལྟ)》བསྒྲགས་པ་དང་། དེའི་ནང་བསྟན་དོན། དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་ལ་ལོ་རེར་དཔེ་ལེན་ཞིབ་བཤེར་ཐེངས་རེ་བྱ་རྒྱུ་དང་། རྩ་བའི་ཐོག་དཔེ་ལེན་བསྡུར་ཚད་བརྒྱ་ཆ2ལས་མི་དམའ་བ་བྱེད་དགོས། མཐོ་སློབ་ཁག་གིས་བཤུ་བ་དང་རྐུ་བ། རྫུན་བཟོ་དང་རྫུན་བཅོས། ཉོ་འཚོང་དང་ཚབ་འབྲི་སོགས་ཀྱི་མི་འོས་བའི་སྣང་ཚུལ་ལྡན་པའི་མཐར་ཕྱིན་དཔྱད་རྩོམ་ལ་སྒྲིག་སྲོལ་ལྟར་བརྟག་བཤེར་བྱེད་དགོས་པ་དང་། བརྟག་བཤེར་བྱས་ནས་ལུགས་མཐུན་མིན་པ་ལ་ཁྲིམས་ལྟར་སློབ་གནས་རྩིས་མེད་དང་སློབ་གནས་དཔང་ཡིག་ཕྱིར་འཐེན་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།