《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག》དེབ་རྐྱང་མ་པར་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག》དེབ་རྐྱང་མ་དེ་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ། དེ་རིང་ནས་བཟུང་རྒྱལ་ཡོངས་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱས། དེབ་རྐྱང་མ་དེར་སྲོལ་ཡིག་ཁ་ཚང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཁྲིམས་སྲོལ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་སྲོལ་ཡིག་གི་ཀློག་འགྲེལ་བསྡུ་སྒྲིག་བྱས་ཡོད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།