རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ས་གནས་སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་འབྲེལ་འདྲིས་སྔར་ལས་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ས་གནས་སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་འབྲེལ་འདྲིས་སྔར་ལས་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ་བཀྲམ།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་ངང་བསྒྱུར་རྒྱུ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་གཏོང་བ། ཁ་པར་ཨང་གྲངས་གཅིག་གིས་ཁེ་ལས་དང་མང་ཚོགས་ལ་ཞབས་ཞུ་བྱེད་རྒྱུ་དམིགས་འབེན་དུ་འཛིན་པ། ས་གནས་སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་འབྲེལ་འདྲིས་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་དང་ཁེ་ལས། མང་ཚོགས་བཅས་ཀྱི་འབྲེལ་ཟམ་ཇེ་ཡངས་སུ་གཏོང་བ། སྲིད་དོན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། མི་དམངས་ཀྱི་འདོད་བློ་ཚིམ་པའི་ཞབས་ཞུ་རྣམ་པ་ཡི་སྲིད་གཞུང་བསྐྲུན་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཟམ་མ་ཆད་པའི་སྒོ་ནས་ཇེ་དྲག་ཏུ་གཏོང་དགོས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།