ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིན་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས6ཉིན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་ཡག་པོ་རྩོམ་པ་དང་རྒྱང་སྐྱོད་ཀྱི་ལམ་གསར་པ་བཏོད་པ་དཀྱིལ་སྙིང་དུ་འཛིན་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ། དྲིལ་སྒྲོག་བསམ་བློ་བྱ་བ་རྨང་རྐང་བརྟན་པོའི་ངང་ནས་སྤེལ་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་འགོ་ཡག་པོ་རྩོམ་པར་གོམ་པ་བརྟན་པོ་སྤོ་བར་བསམ་བློའི་འགན་སྲུང་སྟོབས་ལྡན་ཞིག་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་འཛད་མེད་ཅིག་འདོན་སྤྲོད་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་བསམ་བློ་དྲིལ་སྒྲོག་བྱ་བའི་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། གནས་བབ་གསར་པ་དང་འོས་འགན་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། ལས་དོན་ཏང་དང་རྒྱལ་ཁབ་ལས་དོན་སྤྱིའི་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ། བདེན་སྲུང་གསར་གཏོད་དང་རང་རྟོགས་ཀྱི་བྱེད་ཐབས་སྤྱོད་པ། སྤོབས་པ་ཆེན་པོས་འགོ་གསར་པ་རྩོམ་པ་བཅས་བྱས་ཏེ། བསམ་བློ་དྲིལ་སྒྲོག་བྱ་བ་གཏིང་ཟབ་སར་འཕེལ་བར་བྱེད་པ་དང་རྩ་བ་ནས་འགྱུར་ལྡོག་བྱུང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་ཆབ་སྲིད་འོས་འགན་གལ་ཆེན་ཏུ་བརྩི་དགོས་པ་དང་། གོ་བ་མཐིལ་ཕྱིན་ཡོང་བར་འབད་པ། ལས་བྱེད་མང་ཚོགས་ཀྱིས་སྲོག་ཤིང་ལ་གོང་བཀུར་དང་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས། འཐབ་ཕྱོགས་སྟོབས་ཤུགས་ནུས་ལྡན་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་སྒྲོག་སློབ་གསོ་རྩ་འཛུགས་གང་ལེགས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་འཆད་དེ། ཏང་གི་ལོ་བརྒྱའི་རྟེན་འབྲེལ་ཆེན་མོའི་རླབས་ཆེན་ལས་དོན་ཟིན་ཐོར་འགོད་རྒྱུ་དང་དེའི་མཚར་སྡུག་འོད་སྟོང་གི་ཆ་རྫོགས་པར་སྟོན་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་འཆར་འགོད་ལེགས་པོ་བཟོས་ཏེ། རྒྱལ་ཁབ་ཀྱི་རིག་གནས་འཛུགས་སྐྲུན་ལས་དོན་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། ལངས་ཕྱོགས་བརྟན་ལ་ཆབ་སྲིད་བརྩི་བ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ་བྱ་བར་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་སྒྲོག་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློ་སྔོག་པ་དང་བླ་སྲོག་ལ་བཙོ་སྦྱངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་སེམས་རྩ་ཇེ་བརྟན་དུ་གཏོང་བར་ཤུགས་སྣོན་པ། ཀྲུང་གོ་གུང་ཁྲན་ཏང་བཟང་བའི་དབྱངས་རྟ་མཐོན་པོར་སྒྲོག་པ། རྒྱང་སྐྱོད་ཀྱི་ལམ་གསར་པ་འགོ་རྩོམ་པ་དང་རྣམ་པ་གསར་པ་བཏོད་པའི་གདངས་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་བསྐྲུན་པའི་དམིགས་བྱ་གཙོ་བོར་སེམས་ཤུགས་གཏོད་པ། ཕྱི་ཕྱོགས་དྲིལ་སྒྲོག་གི་བཅོས་སྒྱུར་གསར་གཏོད་བྱ་བའི་རང་རྟོགས་དམག་འཐབ་བཟང་བོར་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཁོར་ཡུག་ལེགས་པོ་བསྐྲུན་པ། ལོ་རྒྱུས་མཛད་བཟང་གི་མཁའ་དབུགས་ཡག་པོ་བསྐྲུན་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་སྟོབས་ཤུགས་འཛད་མེད་བསྡུ་རུབ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་བསམ་བློ་དྲིལ་སྒྲོག་དང་འབྲེལ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་དྲག་ཏུ་བཏང་ནས། ཁུག་འཁུར་གྱི་འདུ་ཤེས་ལྡན་ལ་གསར་གཏོད་གསར་སྐྲུན་བྱེད་ཕོད་པའི་དུས་རབས་ཀྱི་དམག་གསར་པ་གསར་འཛུགས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།