ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར658.87ལ་སླེབས་ནས་ཡང་བསྐྱར་ཟིན་ཐོ་གསར་པ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་ཟླ12པའི་ཚེས15ཉིན། རྒྱལ་ཁབ་གློག་འདོན་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སིས་ལོ་རེར“དྭངས་གཙང་རྨ་ཆུའི་གློག”གི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར658.87ལེགས་འགྲུབ་དང་། ལོའི་འཆར་གཞི103.13%ལེགས་འགྲུབ་བྱས་པ་རེད། དེའི་ཁྲོད་ཆུ་གློག་གི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར536.83ལ་སླེབས་ཡོད།

སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་སྤྱིའི་འདོན་ཚད་སྟོང་ཝ་ཁྲི1084ཟིན་པའི་ཆུ་གློག་ས་ཚིགས18ཡོད་པ་དེ་དག་ནི་ཐོག་མཐའ་བར་གསུམ་དུ་རྨ་ཆུའི་གློག་འདོན་ཀུང་སི་ཡི་གློག་འདོན་ཚད་མཐོ་ཤོས་ཡིན་པས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཁྱབ་ཁོངས་ནང་སྙོམ་སྒྲིག་ནུས་པ་ཆེན་པོ་ལྡན་པའི་སྐས་རིམ་གློག་འདོན་ས་ཚིགས་ཀྱི་ཁྱུ་ཚོགས་སུ་གྱུར་ནས་གློག་དྲའི་ལས་འགན་ལྗིད་མོ་ཁུར་ཡོད། འཕྲུལ་འཁོར་རྐྱང་པའི་ཤོང་ཚད་སྟོང་ཝ་ཁྲི70དང་། སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི350ཡིན་པའི་ལ་ཟེ་བ་གློག་འདོན་ས་ཚིགས་ཀྱིས་མུ་མཐུད་དུ་དངོས་ཤུགས་འདོན་སྤེལ་བྱས་ཏེ། གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར148.18ལེགས་འགྲུབ་བྱས་པ་རེད།

2020ལོར་རྨ་ཆུའི་ཀུང་སིའི་འོད་ཧྥུ་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར58.1ལ་སླེབས་པ་དང་། རླུང་ཤུགས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར33.47། མེ་ཤུགས་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར30.22ལ་སླེབས་ཡོད། མིག་སྔའི་བར་དུ། རྨ་ཆུའི་ཀུང་སིས2020ལོར་རིམ་རྩིས་ཀྱིས། ཕྱི་རོལ་དུ་དུས་ཚོད་རེར་གློག་སྟོང་ཝ་དུང་ཕྱུར192རེ་འདོན་སྤྲོད་བྱས་པ་དེ། 2019ལོའི་དུས་མཉམ་ལས36%འཕར་ཡོད་པས།ཡང་བསྐྱར་ཟིན་ཐོ་གསར་པ་སྐྲུན་ནས་བསྟུད་མར་ལོ་གསུམ་རིང་མགྱོགས་མྱུར་གྱིས་འཕེལ་བ་མངོན་འགྱུར་བྱས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།