ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་ལོ60ཡན་གྱི་མི་འབོར་ཧ་ལམ་དུང་ཕྱུར2.54ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་འབོར་བགྲེས་འགྱུར་ཅན་དུ་འགྱུར་བར་ཁ་གཏད་ནུས་ལྡན་འཇལ་རྒྱུ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་གྲངས་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད།རང་རྒྱལ་གྱི་བགྲེས་འགྱུར་ཞབས་ཞུའི་བྱ་གཞག་དང་ཐོན་ལས་གོང་སྤེལ་གྱི་བར་སྟོང་ཧ་ཅང་རྒྱ་ཆེ།རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན།2019ལོའི་ལོ་མཇུག་བར་རང་རྒྱལ་དུ་ལོ60ཡན་གྱི་མི་འབོར་དུང་ཕྱུར2.54ཡོད་པ་དེས་སྤྱིའི་མི་གྲངས་ཀྱི18.1%ཟིན་ཡོད།

དམངས་སྲིད་པུའུ་ཡི་ཆེད་མཁས་པས། མི་འབོར་གྱི་གྲུབ་ཚུལ་དང་གྲངས་ཀའི་ལག་རྩལ་སོགས་ཀྱི་རྐྱེན་གྱིས་རང་རྒྱལ་གྱི་བགྲེས་འགྱུར་ཞབས་ཞུའི་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་དུས་སྐབས་སུ་སླེབས་པར་སྐུལ་འདེད་བཏང་སྟེ།འབྲེལ་ཡོད་སྲིད་ཇུས་དངོས་སུ་འདོན་པ་འཐུས་ཚང་དུ་གཏོང་བར་མྱུར་དུ་སྐུལ་འདེད་བཏང་ནས།བགྲེས་འགྱུར་ཞབས་ཞུའི་བྱ་གཞག་དང་ཐོན་ལས་དེ་འཕེལ་རྒྱས་གསར་པ་དང་མཉམ་འདྲེས་ཡོང་བར་བྱེད་དགོས་པར་འདོད་ཀྱིན་ཡོད།

“མིག་སྔར་རང་རྒྱལ་གྱི་བགྲེས་འགྱུར་ཐོན་ལས་ཀྱི་འཕར་ཚུལ་ཅུང་མགྱོགས་པ་དང་།སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་ཞིག་གིས་རོགས་སྐྱོར་བྱེད་བཞིན་བྱེད་ཡོད་མོད། འོན་ཀྱང་དགོས་མཁོར་ཕྱོགས་ནས་ཁྲིད་སྟོན་བྱེད་པ་དང་།ཕན་ནུས་ལྡན་པའི་སྒོ་ནས་མཁོ་སྤྲོད་ཇེ་མང་དུ་གཏོང་བ་སོགས་ཀྱི་ཐད་ནས་ད་དུང་མི་འདང་བ་རེད”དམངས་སྲིད་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཐང་ཅིན་སུའུ་ཡིས་དེ་ལྟར་བཤད་པ་དང་། རང་རྒྱལ་གྱིས་བགྲེས་འགྱུར་ཐོན་ལས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་དུས་ཡུན་རིང་འབྲིང་གི་འཆར་འགོད་མགྱོགས་མྱུར་གྱིས་འདོན་དགོས་ལ། དེ་ནི་མིག་སྔར་བགྲེས་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བར་ཁ་གསབ་བྱེད་དགོས་པའི་ཞན་ཆ་རེད་ཟེར།

ཀྲུང་གོའི་ངལ་རྩོལ་སློབ་ཚོགས་ཀྱི་ཚོགས་གཙོ་དབྱང་ཀྲི་མིང་གིས། བགྲེས་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོར་བརྟེན་ནས་མཁོ་སྤྲོད་ལ་ཁྲིད་སྟོན་བྱེད་དུ་འཇུག་པ་དང་།མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་སྐྲུན་དགོས་པར་འདོད་ཀྱིན་ཡོད།མིག་སྔར་རྒན་གསོའི་ལྟ་སྐྱོང་ལས་རིགས་ཀྱི་ལས་སྒྲུབ་མི་སྣའི་རང་ངོས་ཀྱི་རྒན་གསོའི་འགན་སྲུང་མི་འདང་བ་དང་།བྱ་བའི་ཐོབ་སྣང་དྲག་པོ་མིན་པ་སོགས་ནི་སེལ་དགོས་པའི་གནད་དོན་རེད།དུས་མཚུངས་སུ་རྒན་པར་བདག་སྐྱོང་བྱེད་པའི་གསོ་སྦྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། མ་འོངས་པའི་ཀྲུང་གོའི་བགྲེས་འགྱུར་ཞབས་ཞུའི་བྱ་གཞག་དང་ཐོན་ལས་དེ་ནུས་རྩལ་མཐོ་བའི་ཤེས་ལྡན་མི་སྣ་གོང་དུ་སྤེལ་བར་སྣེ་ཁྲིད་པའི་དུས་རབས་ཤིག་ལ་སླེབ་ཏུ་འཇུག་དགོས།

ཐང་ཅིན་སུའུ་ཡིས་གྲོས་གཞི་བཏོན་པ་ལྟར་ན། བགྲེས་འགྱུར་ཞབས་ཞུའི་ལས་དོན་དང་ཐོན་ལས་གོང་སྤེལ་ཇེ་མགྱོགས་སུ་གཏོང་ན། རྒན་པའི་ཕན་བདེའི་སྲིད་ཇུས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བསྐྱེད་དེ།བགྲེས་པོའི་དོན་དངོས་ཀྱི་དགོས་མཁོ་དང་སྡེ་ཁུལ་གྱི་ཞབས་ཞུའི་དྲ་རྒྱ་དང་།ཆེད་ལས་ཞབས་ཞུ་རྩ་འཛུགས་བཅས་རྒན་གསོའི་ལས་ཁུངས་ལ་སྦྲེལ་མཐུད་བྱས་ཏེ། རྒན་གསོའི་ཞབས་ཞུའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་།ཚོང་རའི་གསོན་ཤུགས་སྔར་བས་སྐུལ་སློང་བྱེད་པ།སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་བྱེད་པ།བློ་རིག་གིས་རྒན་གསོ་བྱེད་པ་སོགས་ལ་སྐུལ་འདེད་བཏང་སྟེ།དེང་རབས་ཅན་གྱི་བགྲེས་འགྱུར་ཞབས་ཞུའི་ལས་དོན་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།