ཝུའུ་ཧན་གྲུ་ཁའི་དོས་སྒམ་འདོན་འཇུག་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

1000.jpg

པར་འདི་ནི2020ལོའི་ཟླ12པའི་ཚེས31ཉིན་ཝུའུ་ཧན་གྲུ་ཁ་ཡང་ལུའོ་དོས་སྒམ་གྲུ་ཁར་གྲུ་གཟིངས་མང་ཞིང་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཧན་གྲུ་ཁ་གསར་པ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ངོ་སྤྲོད་བྱས་པར་གཞིགས་ན། ཝུའུ་ཧན་གྲུ་ཁའི་དོས་སྒམ་འདོན་འཇུག་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ་རེད། 2020ལོའི་ཟླ12པའི་ཚེས31ཉིན་བར་ཝུའུ་ཧན་གྲུ་ཁའི2020ལོའི་དོས་སྒམ་འདོན་འཇུག་བྱེད་ཚད་སྒམ་ཁྲི193.29སླེབས་ནས་2019ལོ་དང་བསྡུར་ན14.4%འཕར་བ་ལས་འབྲི་ཆུའི་དབུས་སྟོད་ས་ཁུལ་གྱི་མདུན་གྲལ་གནས་བབ་མུ་མཐུད་དུ་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་རྒྱ་ཆེར་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།