ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཕྱོགས་གསུམ་པས་དཔྱད་འཇོག་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ནས། དངོས་འབེབས་བཀག་རྒྱ་སེལ་པ་དང་ཚོང་གཉེར་ཁོར་ཡུག་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ཐོག་སྦྱར་བའི་ཁྲལ་དོད་དཔེ་རིས་བཅའ་ཁྲིམས་འཆར་ཟིན་དང་འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བཟང་བོ་བྱེད་པ་ནི་ཚོང་རའི་གཙོ་གཞིའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བར་རག་ལས་པ་དང་། ཛ་དྲག་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་འཇལ་ཞིང་དཔལ་འབྱོར་བརྟན་འཇགས་སྒོས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཞིང་ཆེན་དགུ་ཡིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་ཕྱོགས་གསུམ་པས་དཔྱད་འཇོག་བྱས། ཡོངས་ཁྱབ་ཏུ་བལྟས་ན། སྲོལ་ཡིག་ལག་བསྟར་བྱས་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་ཁེ་ལས་སོ་སོ་ཁྲལ་འཕྲི་ཡོན་གཅོག་དང་སྲིད་དོན་ཞབས་ཞུ་སྟབས་བདེ་ཅན་དུ་སྒྱུར་བ་སོགས་ཀྱི་ཐད་ལ་ཡིད་ཚིམས་ཡོད་ལ། ལས་རིགས་གཅིག་ལ་འཛིན་ཡིག་གཅིག་དང་ཁེ་ལས་གཅིག་ལ་འཛིན་ཡིག་གཅིག འཛིན་དཔང་མཉམ་སྒྲུབ་སོགས་ཁེ་ལས་ཀྱི་ཚོང་གཉེར་སྟབས་བདེ་ཐད་ལ་བཅོས་སྒྱུར་བྱས་པར་ཕན་འབྲས་མངོན་གསལ་ཐོབ་ཡོད། ཚོགས་ཐོག་ནས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། སྲོལ་ཡིག་དངོས་འབེབས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་གསོན་ཤུགས་ལྡན་ལ། འདྲ་མཉམ་དྲང་བདེན་ཡིན་པ་དང་ཕན་འབྲས་ཆེན་པོ་ཐོབ་ཏུ་འཇུག་དགོས་ཞེས་བསྟན།

ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ཐོག་སྦྱར་བའི་ཁྲལ་དོད་དཔེ་རིས་བཅའ་ཁྲིམས་འཆར་ཟིན་དང་འབྲུ་རིགས་འཁོར་རྒྱུག་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།