ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དབང་ཆར་འགན་སྲུང་སྲོལ་ཡིག་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དབང་ཆར་འགན་སྲུང་སྲོལ་ཡིག་པར་སྐྲུན་འགྲེམ་སྤེལ་བྱས་པ་མ་ཟད། བརྡ་སྦྱོར་སྤེལ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དེ་གཞིར་བཟུང་ནས་ལག་བསྟར་ནན་མོ་བྱེད་རྒྱུའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། 2004ལོའི་ཟླ9པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དབང་ཆ་འགན་སྲུང་སྲོལ་ཡིག་དེ། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྨང་གཞི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཡིན་པའི་ཆ་ནས། ཏང་ཡོན་གྱི་དབང་ཆར་འགན་སྲུང་བྱེད་པའི་ཕྱོགས་ནས་ནུས་པ་འདོན་སྤེལ་གང་ལེགས་བྱས། གནས་བབ་དང་ལས་འགན། རེ་བ་གསར་བ་ལྟར། ཏང་ཀྲུང་དབྱང་གིས་སྲོལ་ཡིག་ལ་བཟོ་བཅོས་བྱས། ཐེངས་འདིར་བཟོ་བཅོས་བྱས་པའི་སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་པ། ཐེངས་ལྔ་བའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ལ། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་ས་རུ་བྱས་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་བྱས་པ་དང་། ཏང་ཡོན་གྱི་དབང་ཆར་འགན་སྲུང་བྱེད་པའི་རྩ་དོན་དང་སྤྱི་ཁོག་གི་རེ་བ་གཏན་ཁེལ་བྱས་ལ། ཏང་གི་སྒྲིག་ཡིག་ནང་གཏན་ཁེལ་བྱས་པའི་ཏང་ཡོན་གྱི་དབང་ཆ་ཇེ་ཞིབ་ཏུ་བཏང་བ་དང་། འགན་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ལ། ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ལས་འགན་གཏན་ཁེལ་བྱས་པ་དང་། ཏང་ཡོན་གྱིས་དབང་ཆ་ལག་བསྟར་ཡང་དག་བྱེད་པར་འགན་སྲུང་བྱས་ལ། ང་ཚོ་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་དགེ་མཚན་མངོན་པར་བྱེད་པ་དང་། ཏང་ཡོན་གྱི་གཙོ་གཞི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་ཡོངས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ནང་། རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་དང་དབང་ཆའི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་ཐག་གཅོད་པ་དང་། དབང་ཆ་ལག་བསྟར་བྱེད་ན་ངེས་པར་དུ་འོས་འགན་ལག་བསྟར་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། སྒྲིག་ལམ་བརྩི་སྲུང་བྱེད་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། སྲོལ་ཡིག་ལག་བསྟར་བྱེད་པའི་ཐད་ཀྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་སྦྱོང་དྲིལ་སྒྲོག་དམ་འཛིན་བྱེད་པ། ཉིན་རྒྱུན་རང་བཞིན་གྱི་ཏང་ཡོན་འོས་འགན་དང་དབང་ཆའི་སློབ་གསོ་སྤེལ་བ། ཏང་ཡོན་གྱི་དབང་ཆ་འགན་སྲུང་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལག་བསྟར་ལ་ཤུགས་བསྣན་ནས། ཏང་ཡོན་གྱིས་རང་རྟོགས་སྒོས་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པར་སྐུལ་སློང་གཏོང་དགོས། སྲོལ་ཡིག་ལག་བསྟར་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། སྐོར་ཞིབ་ཀྱི་ནང་དོན་ཡིན་པའི་ཆ་ནས། སྲོལ་ཡིག་གི་གཏན་ཁེལ་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲོལ་ཡིག་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་གཞི་ལག་བསྟར་བྱེད་སྐབས། དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།