ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་དུ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་བླངས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚམས་འདྲིའི་བྱ་འགུལ་སྤེལ་བའི་ཐད་ལ་བཀོལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་དྲོ་སྐྱིད་གནང་བ་གང་ལེགས་སྒོས་མཚོན་པར་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་དུ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་བླངས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚམས་འདྲིའི་བྱ་འགུལ་སྤེལ་བའི་ཐད་ལ་བཀོལ་རྒྱུའི་ཐག་བཅད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འཚམས་འདྲི་བྱེད་ཡུལ་ནི་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ཡིན་ལ། རི་འགོག་དམག་འཁྲུག་གི་སྔོན་དང་རི་འགོག་དམག་འཁྲུག་སྐབས་སུ་ཏང་ནང་དུ་ཞུགས་པའི་ཏང་ཡོན་རྒན་པ་ཡོངས་ལ་འཚམས་འདྲི་བྱེད་དགོས་པ་དང་། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་དང་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས་པའི་བློ་མཐུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་དབུལ་ཐར་མཁྲེགས་གཏོར་དང་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་དུ་གཞུང་དོན་དུ་རང་སྲོག་ཤོར་བའི་གཞི་རིམ་ལས་བྱེད་པའི་ཁྱིམ་མིར་འཚམས་འདྲི་བྱེད་པ་དང་རྒྱབ་སྐྱོར་རྒུད་སྐྱོབ་དང་ཡུན་རིང་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། འཚམས་འདྲིའི་ཁྱབ་ཁོངས་འོས་འཚམ་སྒོས་རྒྱ་ཇེ་ཆེར་བཏང་སྟེ། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ་རྒན་པ་དང་ནད་བྱུང་ནས་དབུལ་ཕོངས་སུ་གྱུར་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དཀའ་ཁག་ངོ་མ་ཡོད་པའི་གཞི་རིམ་ཏང་གི་ལས་དོན་པ་ལའང་འཚམས་འདྲི་བྱས་ཆོག་ཅེས་བསྟན་ཡོད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་རེ་བ་ལྟར། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་འཚམས་འདྲིའི་བྱ་འགུལ་རྩ་འཛུགས་ཞིབ་མོ་བྱས་ནས། ཏང་གིས་ཐུགས་ཁུར་དང་དྲོ་སྐྱིད་གནང་བ་དེ་དཀའ་ཁག་ཆེ་བའི་ཏང་ཡོན་དང་མང་ཚོགས་ཁྲོད་དུ་མཚོན་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་ལས་ཁུངས་ཀྱིས་ཆ་ཚང་མ་དངུལ་དངོས་འབེབས་བྱས་ཏེ། ལོ་སར་གྱི་སྔོན་ལ་འཚམས་འདྲི་བྱེད་ཡུལ་སྟེར་རྒྱུ་འགན་སྲུང་བྱེད་པ་དང་ཆེད་སྤྱོད་ཆེད་བཀོལ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།