ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་སར་གྱི་ཤིས་ཚིག་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་དོ་སྣང་ཆེན་པོ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སར་གྱི་ཤིས་ཚིག་ནང་བསྟན་དོན། བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་འགོ་ཚུགས་ལ་ཉེ། མདུན་སྐྱོད་ཀྱི་ལམ་བུ་རིང་ནའང་འབད་འཐབ་ལྷོད་མེད་བྱེད་དགོས། ང་ཚོས་འབད་འཐབ་བྱས་པ་དང་དཀའ་ངལ་ཁྱད་སེལ་བྱས་ནས་རི་ཆུ་ལུང་གསུམ་བརྒལ་མྱོང་། ང་ཚོས་ད་དུང་མུ་མཐུད་དུ་འབད་འཐབ་བྱེད་པ་དང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་ནས་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་དགོས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པ་ཡིན་ཞེས་གསུངས་ཡོད།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་རེད། ཚང་མས་བཤད་རྒྱུར། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་ལངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་ཅིས་ཀྱང་རྣམ་པར་རྒྱལ་ནས། སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།