ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་རྟོག་ཞིབ་མཛུབ་སྟོན་གནང་བའི་དབུལ་ཕོོངས་སྡེ་བ་དབུལ་ཐར་གྱི་དངོས་ཟིན》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས3ཉིན། ཞི་ཅིན་ཕིང་གི་རྟོག་ཞིབ་མཛུབ་སྟོན་གནང་བའི་དབུལ་ཕོངས་སྡེ་བ་དབུལ་ཐར་གྱི་དངོས་ཟིནཉེ་ཆར་མི་དམངས་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

དཔེ་ཆ་དེ་རྟོག་ཞིབ་སྙན་ཞུ17དང་བརྙན་འཕྲིན་ཆེད་སྒྲིག3གྱིས་གྲུབ་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་དམིགས་བསལ་དབུལ་ཕོངས་ས་ཁུལ14རུ་ཕེབས་ཤིང་། སྔ་གཞུག་ཏུ་ཧི་པེ་ཧྥུའུ་ཕིན་རྫོང་ལའོ་ཐའོ་ཝན་སྡེ་བ་དང་ཀུའུ་ཅ་ཐའེ་སྡེ་བ་སོགས་དབུལ་ཕོངས་སྡེ་བ24རུ་རྟོག་ཞིབ་མཛུབ་སྟོན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་། རྟོག་ཞིབ་སྙན་ཞུ་དང་བརྙན་འཕྲིན་ཆེད་སྒྲིག་འདི་དབུལ་ཕོངས་སྡེ་བར་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་གྲུབ་པ་དང་། སྡེ་བ་འདི་དག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བའི་མཛུབ་སྟོན་འོག་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་དགའ་འོས་པའི་གྲུབ་འབྲས་དང་ཉམས་མྱོང་བླངས་པ་མཚོན་ཡོད། 

《ཞི་ཅིན་ཕིང་གི་རྟོག་ཞིབ་མཛུབ་སྟོན་གནང་བའི་དབུལ་ཕོོངས་སྡེ་བ་དབུལ་ཐར་གྱི་དངོས་ཟིན》པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དང་། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེའི་དོན་སྙིང་ཚོར་དུ་འཇུག་པར་ནུས་པ་གལ་ཆེན་ཐོན་ཐུབ།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།