ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་བརླན་སའི་གཞི་ཁྱོན་མུའུ་ཁྲི300གསར་སྣོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས3ཉིན་རྒྱལ་ཁབ་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་བརླན་སའི་གཞི་ཁྱོན་མུའུ་ཁྲི300གསར་སྣོན་བྱས་ཤིང་། བརླན་སར་སྲུང་སྐྱོབ་བྱེད་ཚད50%ཡན་ལ་སླེབས་ཡོད།

རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱིས་བརླན་སའི་སྲུང་སྐྱོབ་དང་ཉམས་གསོ་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་སྟེ། བརླན་སའི་སྐྱེ་ཁམས་བྱེད་ནུས་ལ་ཤུགས་སྣོན་དང་། བསླན་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་འཛིན་བྱས་པ་མ་ཟད། བརླན་སའི་སྲུང་སྐྱོང་དང་ཉམས་གསོ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། ཀྲུང་དབྱང་ནོར་སྲིད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར98.7བཀོད་སྒྲིག་བྱས་ཏེ། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་། རྨོ་བསྐྱུར་བརླན་སྐྱོང་། བརླན་སའི་སྲུང་སྐྱོབ་དང་ཉམས་གསོ་ཁ་གསབ་རྣམ་གྲངས2000ལྷག་ལག་བསྟར་བྱས་ཟེར།

དུས་མཚུངས་སུ། བརླན་སའི་སྐྱེ་ཁམས་ས་ཁོངས་དང་སྐྱེ་ཁམས་མ་ལག་གི་བྱེད་ནུས། སྐྱེ་ཁམས་ཀྱི་སྣ་མང་རང་བཞིན་བཅས་ཀྱི་གལ་ཆེན་རང་བཞིན་ལྟར། བརླན་སར་རིམ་པ་དབྱེ་ནས་དོ་དམ་བྱས་ཏེ། རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་། རྒྱལ་ཁབ་ཀྱི་བརླན་ས་གཙོ་བ། བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ། རྒྱལ་ཁབ་བརླན་སའི་སྤྱི་གླིང་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་བརླན་སའི་སྲུང་སྐྱོབ་མ་ལག་ཐོག་མར་བཙུགས། ལོ་ལྔའེི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རྒྱལ་སྤྱིའི་བརླན་ས་གཙོ་བོ15གསར་སྣོན་བྱས་པ་དང་། རྒྱལ་ཁབ་ཀྱི་བརླན་ས་གཙོ་བོ29གསར་སྣོན་བྱས། རྒྱལ་སྤྱིའི་བརླན་ས་གཙོ་བོའི་སྤྱི་གྲངས64ལ་སླེབས། རྒྱལ་ཁབ་བརླན་སའི་སྤྱི་གླིང201གསར་སྣོན་བྱས་ཏེ། རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་སྤྱི་གྲངས899ལ་སླེབས། བརླན་ས་སྲུང་སྐྱོབ་དང་ཞན་འགྱུར་བརླན་ས་སླར་གསོ་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་དེ། བརླན་སའི་སྐྱེ་ཁམས་བྱེད་ནུས་ལ་སླར་གསོ་ནུས་ལྡན་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།