ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་དམངས་སྲིད་ཐིན། གཞི་རིམ་གུང་གཞོན་ཚོགས་པའི་རྩ་འཛུགས། གཞིས་ཁུལ་དང་གཞིས་ཁུལ་གྱི་རྩ་འཛུགས། མཚོ་སྔོན་ཞིང་ཆེན་དུས་ཡུན་འབྲིང་རིང་གི་ན་ཆུང་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འགན་ཁུར་བ་དང་ན་ཆུང་གཞོན་ནུའི་འཐུས་མི་སུམ་ཅུ་ལྷག་མཉམ་དུ་འཛོམས་ནས། མཚོ་སྔོན་གྱི་ན་ཆུང་གཞོན་ནུ་གྲོང་གསེབ་དང་གཞིས་ཁུལ་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་སྟེ། བརྗོད་དོན་དེ་དང་འབྲེལ་ནས་བསམ་བློ་བརྗེ་རེས་བྱས་པ་དང་། རང་སྟེང་གི་གྲོང་གསེབ་དང་གཞིས་ཁུལ་བཅོས་སྐྱོང་ཁྲོད་ཞུགས་པའི་ཉམས་མྱོང་དང་གནས་པའི་གནད་དོན་མཉམ་སྤྱོད་བྱས་པར་མ་ཟད། ཁ་གཏད་རང་བཞིན་ཡོད་པའི་བསམ་འཆར་ཅི་རིགས་བཏོན། ཞིབ་འཇུག་རྟོག་ཞིབ་དཔུང་སྡེའི་འགན་འཁུར་པས་ཉིས་སྟོང་ཉེར་གཅིག་ལོའི་གུང་གཞོན་ཚོགས་པ་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བཞུགས་མོལ་ཚོགས་འདུའི་བརྗོད་སྙིང་སྟེ། མཚོ་སྔོན་གྱི་ན་ཆུང་གཞོན་ནུ་རྣམས་གྲོང་གསེབ་དང་གཞིས་ཁུལ་བཅོས་སྐྱོང་དང་བརྟག་དཔྱད་ཁྲོད་ཞུགས་པའི་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། འབྲེལ་ཡོད་གནད་དོན་ལ་དབྱེ་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།