ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་བཅོ་ལྔ་ཡིས་ཉིས་སྟོང་ཉེར་གཅིག་ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་བཅོ་ལྔ་ཡིས་མཉམ་འབྲེལ་གྱི་བརྡ་ཐོ་བཏང་སྟེ། ཉིས་སྟོང་ཉེར་གཅིག་ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་སྤེལ་བའི་ཐད་བཀོད་སྒྲིག་བྱས། བརྡ་ཐོ་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། ཞིང་ལས་དང་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་དང་། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་བྱེད་པ་དང་མཁར་གྲོང་གིས་ཞིང་སྡེར་སྐུལ་ཁྲིད་བྱེད་པར་ཤུགས་སྣོན་པ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གྱི་ལྟེ་གནས་འབུར་ཐོན་དུ་བྱས་ནས། ཞིང་སྡེ་ལ་ཁ་ཕྱོགས་ནས་གཞུང་ལུགས་དང་དཔལ་ཡོན། ཞབས་ཞུ། འཇོན་མི་བཅས་སྐྱེལ་བའི་བྱ་འགུལ་ཧུར་ཐག་སྒོས་སྤེལ་ཏེ། གཞི་རིམ་དུ་སྐྱེལ་བ་གསུམ་གྱི་བྱ་འགུལ་གྱི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་ཞིང་བའི་བསམ་བློའི་ཀུན་སྤྱོད་བྱང་ཚད་དང་ཚན་རིག་རིག་གནས་བྱང་ཚད། ལུས་སེམས་བདེ་ཐང་བྱང་ཚད། ཞིང་སྡེའི་དཔལ་ཡོན་རིམ་པ་བཅས་མཐོར་འདེགས་གཏོང་བ་དང་། མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་གཅིག་གྱུར་བྱས་ནས། ཕྱོགས་ཡོངས་ནས་ཞིང་སྡེའི་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྣམ་པ་གསར་བའི་བཟོ་ཞིང་མཁར་གྲོང་གི་འབྲེལ་བ་འཛུགས་པར་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་པར་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།