ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་དེ་བཟོ་བཅོས་བྱས་པའི་དམག་དཔུང་གི་སྒྲིག་ཆས་སྲོལ་ཡིག་ཡོངས་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་དེ། བཟོ་བཅོས་བྱས་པའི་དམག་དཔུང་གི་སྒྲིག་ཆས་སྲོལ་ཡིག་ཅེས་པ་ཡོངས་བསྒྲགས་བྱས་པ་དང་༢༠༢༡ལོའི་ཟླ༡པོའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱས།

སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔོན་སྟོབས་ལྡན་དུ་བསྒྱུར་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དངོས་འབེབས་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དཔུང་གི་འོས་འགན་ཕན་འབྲས་ལྡན་པའི་ངང་ནས་ལག་བསྟར་བྱེད་པར་དམིགས་པ། ཁྱོན་ཡོངས་ནས་དམག་འཁྲུག་རྒྱག་པའི་གྲ་སྒྲིག་བྱ་བར་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་སྒྲིལ་བ། དམག་དཔུང་གི་སྒྲིག་ཆས་བྱ་བའི་དམིགས་བསལ་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་པ་གསར་པ་དང་སྒྲིག་ལུགས་གསར་པའི་འོག་གི་སྒྲིག་ཆས་བྱ་བའི་འོས་འགན་གཙོ་བོ་དང་གཞི་རྩའི་ནང་སྙིང་། རྩ་བའི་དོ་དམ་ལམ་ལུགས་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་རྒྱུ་ནི། དམག་དཔུང་གི་སྒྲིག་ཆས་བྱ་བའི་ཆོས་ཉིད་གཙོ་བོ་ཡིན་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།