ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་ཞབས་དམག་དཔོན་གྱི་དོ་དམ་སྲོལ་ཡིག་སོགས་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་ཞབས་དམག་དཔོན་གྱི་དོ་དམ་གནས་སྐབས་ལག་བསྟར་སྲོལ་ཡིག་དང་དེ་མིན་དངོས་ཞབས་དམག་དཔོན་གདམ་གསེས་ཁ་གསབ་གནས་སྐབས་ལག་བསྟར་གཏན་འཁེལ་དང་དངོས་ཞབས་དམག་དཔོན་གྱི་སློབ་གསོ་གསོ་སྦྱོང་གནས་སྐབས་ལག་བསྟར་གཏན་འཁེལ། དངོས་ཞབས་དམག་དཔོན་གྱི་དཔྱད་ཞིབ་གནས་སྐབས་ལག་བསྟར་གཏན་འཁེལ། དངོས་ཞབས་དམག་དཔོན་གྱི་གོ་ས་འཕར་བའི་བསྐོ་སྤྱོད་གནས་སྐབས་ལག་བསྟར་གཏན་འཁེལ། དངོས་ཞབས་དམག་དཔོན་གྱི་བརྗེ་རེས་གནས་སྐབས་ལག་བསྟར་གཏན་འཁེལ། དངོས་ཞབས་དམག་དཔོན་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་གནས་སྐབས་ལག་བསྟར་གཏན་འཁེལ། དངོས་ཞབས་དམག་དཔོན་གྱི་ཐོབ་ཐང་རིམ་པའི་གནས་སྐབས་ལག་བསྟར་གཏན་འཁེལ། ཆེད་ལས་ལག་རྩལ་དམག་དཔོན་གྱི་དོ་དམ་གནས་སྐབས་ལག་བསྟར་གཏན་འཁེལ། དམག་དཔོན་གྱི་ལས་གནས་དོ་དམ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར། དམག་དཔོན་གྱི་ལས་རིགས་འཕེལ་རྒྱས་ཐབས་ལམ་དོ་དམ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར། དམག་དཔོན་གྱི་ལམ་ལུགས་བཅོས་སྒྱུར་ཁྲོད་ཀྱི་རིམ་པ་བསྒྱུར་བའི་བྱེད་ཐབས་དང་བར་བརྒལ་སྲིད་ཇུས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ་སོགས་ཆ་ཚང་སྒྲིག་སྲོལ་འགྲེམ་སྤེལ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཚང་མ་ལག་བསྟར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།