ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་ལོ་གསར་བའི་ཤིས་ཚིག་ཕུལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས31ཉིན་གྱི་དགུང་མོའི་དུས་ཚོད7སྟེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་བ་བརྒྱུད་ནས། སྤྱི་ལོ2021ལོའི་ལོ་གསར་གྱི་ཤིས་ཚིག་ཕུལ་རྒྱུ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཁོངས་གཏོགས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། རྒྱ་ཡིག་གི་རྒྱལ་སྤྱིའི་འཕྲིན་ལམ། 4Kའཕྲིན་ལམ་བཅས་དང་། ཀྲུང་གོའི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་གི་ཕྱི་སྐད་འཕྲིན་ལམ་སོ་སོ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་མི་དམངས་དྲ་བ་དང་། ཞིན་ཧྭ་དྲ་བ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་སྤྱོད་སྣེ་སོགས་ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱེད་གཙོ་བོའི་ཁོངས་སུ་གཏོགས་པའི་དྲ་ཚིགས་དང་སྨྱན་བྱད་གསར་པའི་སྟེགས་བུའི་སྟེང་སྟོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།