ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་བྱ་བའི་སྲོལ་ཡིག་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་བྱ་བའི་སྲོལ་ཡིག་ཁྱབ་བསྒྲགས་བྱས།

སྲོལ་ཡིག་ལས་སྲིད་གཞུང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁྲིའི་ཁྱབ་ཁོངས་དང་ལག་བསྟར་གཙོ་གཞི། ལྟ་སྐུལ་ཞིབ་བཤེར་བྱེད་ཡུལ་བཅས་གསལ་བོ་བྱས་ཏེ། སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་གོ་རིམ་དང་ལྟ་སྐུལ་ཞིབ་བཤེར་རྣམ་པ། འགན་སྲུང་ལམ་ལུགས་སོགས་ཀྱི་ཐད་ལ་གཏན་འཁེལ་བྱས། སྲིད་གཞུང་གིས་ལྟ་ཞིབ་བྱེད་པའི་བྱ་བ་གཙོ་བོ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱས་པའི་གནས་ཚུལ་དང་ལྟ་ཞིབ་བྱེད་ཡུལ་གྱིས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་སོགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུ་དེ་རེད། ལྟ་ཞིབ་བྱེད་སྐབས་བཅར་འདྲི་དང་ལྐོལ་བཅར། མཉམ་འབྲེལ་དྲ་རྒྱ་དང་ལྟ་ཞིབ་སོགས་ཀྱི་རྣམ་པ་སྤྱོད་དགོས། ལྟ་ཞིབ་བྱེད་ཡུལ་གྱིས་ལྟ་ཞིབ་མཇུག་འབྲས་ལ་བསམ་འཆར་ཡོད་ན་རེ་ཞུ་བྱས་ཏེ་བསྐྱར་ཞིབ་བྱས་ཆོག སྲིད་གཞུང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་བྱེད་ཡུལ་ལ་གཟེངས་བསྟོད་དང་སྐྱོན་བརྗོད། འགན་འཁྲི་རྩད་བཅད་ཆོག་པ་དང་།དེ་མིན་ལུགས་མཐུན་མིན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ལེགས་སྒྱུར་དང་ཡང་ན་མེད་པར་བཏང་ཆོག་པའི་གྲོས་གཞི་བཏོན་ཆོག

སྲོག་ཡིག་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།