ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་པའི་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་འདིར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་བ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ནི། ཏང་ཡོངས་ཀྱིས་མཐོང་ཆེན་བླ་མེད་བྱེད་དགོས་པའི་འབྲེལ་བ་སྤྱིའི་གནད་དོན་གལ་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་གསར་པའི་དུས་རིམ་གྱི་ཞིང་གསུམ་བྱ་བའི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་གོ་བ་མ་ནོར་བ་བླངས་ནས་བཟང་བོར་བསྒྲུབ་དགོས་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བྱ་བར་སྐུལ་འདེད་གཏོང་དགོས་ལ། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད་དེ། ཞིང་སྡེའི་བདེ་སྡོད་ལས་བརྩོན་དང་ཞིང་པ་འབྱོར་ཕྱུག་ལྡན་པར་འབད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་སྤྱི་ཕྱོགས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་བར་གྲོང་གསེབ་ཅིས་ཀྱང་དར་རྒྱས་ཡོང་དགོས། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་སྤྱི་ཕྱོགས་ནས་བལྟས་ན། ཞིང་ལས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་ཞིང་གསུམ་གྱི་རྨང་གཞི་བརྟན་སྲུང་བྱེད་རྒྱུ་ནི་འགོ་རྩོམ་སྟངས་གསར་པའི་རྨང་རྡོ་ལྟ་བུ་ཡིན། འཕེལ་རྒྱས་གསར་པའི་རྣམ་པ་བསྐྲུན་རྒྱུ་འཐབ་ཇུས་ཀྱི་རྨང་རྡོ་རྒྱ་བསྐྱེད་གཏོང་བའི་ནང་མཁོ་རུ་བརྩིས་པ་ཡིན་ན། གཞི་ནས་ཞིང་སྡེར་བར་སྟོང་ཆེན་པོ་ལྡན་ཞིང་ལས་དོན་ཡོད་ཚད་བསྒྲུབ་རུང་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།