ཀྲུང་གོ་བོད་ཀྱི་དྲ་བ།

ཉེས་ཁྲིམས་འདིར་བཟོ་བཅོས་རྒྱབ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་སྟེང་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)ལ་གྲོས་འཆམ་བྱུང་། དེའི་ནང་གཏན་འབེབས་བྱས་པར། ལོ12ལ་སོན་ཞིང་ལོ14མ་ལོན་པའི་བྱིས་པས་བསམ་བཞིན་དུ་མི་བསད་པའམ་བསམ་བཞིན་དུ་རྨས་སྐྱོན་བཏང་བའི་བྱས་ཉེས་བསགས་ནས་མི་ཤི་བའམ་ཡང་ན་ཧ་ཅང་གདུག་རྩུབ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཤིང་ཡ་ང་བའི་བརྒྱུད་རིམ་ལྡན་པ་ལ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་ནས་ཁྲིམས་སྦྱོར་བདའ་འདེད་བྱེད་རིགས་ལ་ཉེས་འགན་འཁུར་དགོས་ཞེས་བཟོ་བཅོས་བརྒྱབ་ཡོད།

640.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།