ཀྲུང་གོ་བོད་ཀྱི་དྲ་བ།

སང་ལོ་ནས་ནར་མ་སོན་པའི་བྱིས་པར་ཞིབ་དཔྱོད་ལས་གཉེར་གཅིག་བསྡུས་བྱས་ནས་བསྒྲུབ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས27ཉིན་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོ་ནས་བཟུང་། ནར་མ་སོན་པའི་བྱིས་པར་ཞིབ་དཔྱོད་ལས་གཉེར་གཅིག་བསྡུས་བྱས་ནས་སྒྲུབ་པའི་བྱ་བ་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་ནས་ཡོངས་ཁྱབ་ངང་སྤེལ་རྒྱུ་རེད།

བྱ་བ་འདི་ནི་ཞིབ་དཔྱོད་སྡེ་ཁག་གིས་ཁྱོན་ཡོངས་ནས་ནར་མ་སོན་པའི་བྱིས་པ་རྣམས་ལ་ཉེས་ཁྲིམས་དང་དམངས་ཁྲིམས། སྲིད་ཁྲིམས། སྤྱི་ཕན་གཏུག་བཤེར་སོགས་ཀྱི་ཞིབ་དཔྱོད་ལས་གཉེར་སྒྲུབ་དགོས་ཚེ་རིམ་བཞིན་གཅིག་བསྡུ་ངང་བསྒྲུབ་རྒྱུ་ཡིན་པ་མཚོན་ཡོད།

དམངས་དོན་ཁྲིམས་གཞུང་གསར་བ་དང་ནར་མ་སོན་པའི་བྱིས་པར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གསར་བ་འདི་དག་འགྲེམ་སྤེལ་བྱས་པ་ལས་བཅའ་ཁྲིམས་ཀྱིས་དུས་རབས་གསར་བའི་ནང་ནར་མ་སོན་པའི་བྱིས་པར་ཞིབ་དཔྱོད་བྱེད་སྐབས་སྔར་ལས་མཐོ་བའི་རེ་བ་གསར་བ་མང་པོ་བཏོན་ཡོད་པ་རེད།

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཞིབ་དཔྱོད་ཁང་དགུ་བའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་དོན། ནར་མ་སོན་པའི་བྱིས་པར་ཞིབ་དཔྱོད་ལས་གཉེར་སྒྲུབ་པའི་སྡེ་ཁག་གིས་ཁྱོན་ཡོངས་ནས་ནར་མ་སོན་པའི་བྱིས་པར་ཉེས་ཁྲིམས་གྱོད་དོན་བསྒྲུབ་དུས་དགོས་ངེས་ཀྱི་ཞིབ་བཤེར་བྱ་རྒྱུ་དང་ནར་མ་སོན་པའི་བྱིས་པར་བཀག་སྐྱིལ་བྱེད་སྐབས་ཀྱི་བཙོན་སྲུང་དོ་དམ་བྱ་འགུལ་ལ་ལྟ་སྐུལ། ནར་མ་སོན་པའི་བྱིས་པའི་སྡེ་ཁུལ་ཡོ་བསྲང་བྱ་འགུལ་ལ་ལྟ་སྐུལ། གནོད་སྐྱེལ་ལྟ་སྲུང་། ལྟ་སྲུང་ལ་ལྟ་སྐུལ་བྱེད་མི་ནུས་པའི་བྱ་བ་བཅས་ཀྱི་ཐད་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་སོ་སོའི་ཞིབ་དཔྱོད་སྡེ་ཁག་གིས་རང་རང་གི་གནས་བབ་དང་བསྟུན་ནས་ཐབས་ཇུས་བཏོན་ཏེ་གཅིག་གཅོད་མི་བྱེད་པར་རིགས་དབྱེ་སྒོས་ནར་མ་སོན་པའི་བྱིས་པའི་གྱོད་དོན་ལ་ཞིབ་དཔྱོད་སྡེ་ཁག་གིས་གཅིག་བསྡུས་ངང་ཞིབ་དཔྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།